འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་9ཉིན།

༄༅༎རང་རྒྱལ་གྱི་རིམས་འགོག་དངོས་ཟོག་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཚོང་དོན་པུས་སྤེལ་བའི་དྲ་ཐོག་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས། ཚོང་དོན་པུའི་བསྡོམས་རྩིས་ལ་གཞིགས་ན། ཟླ་3ཚེས་1ནས་ཟླ་5ཚེས་6ཉིན་བར་ཀྲུང་གོས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱ་ཐབས་བརྒྱུད་རྒྱལ་ཁབ་དང་ས་ཁུལ་194ལ་རིམས་འགོག་དངོས་ཟོག་ཕྱིར་གཏོང་བྱས་ཡོད། དེའི་ནང་གི་རྒྱལ་ཁབ་དང་ས་ཁུལ་77གྱི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་6གིས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ང་ཚོ་དང་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་ཀྱི་གན་རྒྱ་ཁག་128བཞག་པ་དང་། རྒྱལ་ཁབ་དང་ས་ཁུལ་71གི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རང་རྒྱལ་གྱི་ཁེ་ལས་དང་ཚོང་ལས་ཉོ་སྒྲུབ་ཀྱི་གྲོས་མོལ་ཁག་128བྱེད་བཞིན་ཡོད། འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་4ཚེས་1ཉིན་ཚུན་དུ་རང་རྒྱལ་གྱི་རིམས་འགོག་དངོས་ཟོག་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཀའོ་ཧྥུང་གིས་རིམས་འགོག་དངོས་ཟོག་ཕྱིར་གཏོང་ལམ་བུ་ཕྱོགས་ཡོངས་ནས་ཤར་གཏོང་བྱས་ཡོད། ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་དམ་ཟབ་དང་ལྟ་འདོམས་ནན་པོ་་བྱས་པའི་འོག ཀྲུང་གོའི་ཚད་གཞི་དང་མི་མཐུན་པ་དང་ཕྱི་རྒྱལ་གྱི་ཚད་གཞི་དང་ཡང་མི་མཐུན་པའི་ཐོན་ཟོག་ཁག་གཅིག་ཕྱིར་གཏོང་བྱེད་ཐབས་བྲལ་མོད། འོན་ཀྱང་ཐོན་ཟོག་གི་སྤུས་ཚད་ཀྲུང་གོའི་ཚད་གཞིའམ་ཡང་ན་ཕྱི་རྒྱལ་གྱི་ཚད་གཞི་དང་མཐུན་པའི་རིམས་འགོག་དངོས་ཟོག་ཕྱིར་གཏོང་བྱེད་པའི་ལམ་བུ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད། ཟླ་5ཚེས་6ཉིན་བར་ཀྲུང་གོ་སྨན་རྫས་ལྟ་འདོམས་ཅུས་ཀྱི་རང་རྒྱལ་གྱི་སྨན་བཅོས་ཡོ་བྱད་ཐོ་འགོད་ལག་ཁྱེར་རག་པའི་ཐོན་སྐྱེད་ཁེ་ལས་3773ཁྱབ་བསྒྲགས་བྱས་ཡོད། ཚོང་དོན་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་གོས་སྨན་བཅོས་བདེ་ཐང་ཐོན་རྫས་ཕྱིང་གཏོང་ནང་འདྲེན་ཚོང་ཚོགས་ལ་ཞིབ་བཤེར་གཏན་འཁེལ་བྱེད་རྒྱུར་མཛུབ་ཁྲིད་བྱས་པ་དང་འབྲེལ། ཕྱི་རྒྱལ་གྱི་ཚད་གཞི་བདེན་དཔང་ར་སྤྲོད་བྱུང་བའམ་ཡང་ན་ཐོ་འགོད་བྱས་པའི་ཁག་ཐེངས་6གི་ཐོན་སྐྱེད་ཁེ་ལས་347ཡོངས་བསྒྲགས་བྱས་ཡོད། དེའི་ནང་སྨན་བཅོས་དངོས་ཟོག(སྨན་སྤྱོད་ཁ་རས་ཚུད་ཡོད་པ)ཐོན་སྐྱེད་ཁེ་ལས་279དང་ཁ་རས་གཞན་དག་ཐོན་སྐྱེད་བྱེད་མཁན་ཁེ་ལས་68ཚུད་ཡོད་ཅེས་བཤད་པ་རེད།
     ཀའོ་ཧྥུང་གིས་ཚོང་དོན་པུས་སྨན་བཅོས་དངོས་ཟོག་ཕྱིར་གཏོང་སྒྲིག་གཞིའི་ཁོངས་མིའི་ཚན་པ་དང་ས་གནས་ཁག་མཉམ་དུ་རང་འཁྲིའི་ལས་དོན་ནན་ཏན་ངང་སྒྲུབ་པ་དང་ལྟ་འདོམས་ནན་པོ་བྱས་ཏེ་རིམས་འགོག་དངོས་ཟོག་ཁྲོམ་ར་དང་ཕྱིར་གཏོང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་ནད་འགོག་རྒོལ་ལས་དོན་ལ་རྒྱབ་སྐྱོར་སྔར་བས་ནུས་ལྡན་བྱེད་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།