འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་8ཉིན།

༄༅།།མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ།
    མི་དམངས་དྲ་བའི་འཕྲིན། མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེས་ཁམས་བདེ་འཇགས་ཡོལ་སྲུང་གལ་ཆེན་དང་། རྨ་ཆུ་འབབ་ཁོངས་ཀྱི་ཆུ་ཁུངས་ཐོན་ས་གཙོ་བོ་ཡིན་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་ཐོབ་ས་ཁོངས་ཡང་ཡིན།
    རང་རྒྱལ་གྱི་ཁག་དང་པོར་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་10གྲས་ཤིག་ཡིན་པའི་ཆ་ནས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་ནི་མཚོ་སྔོན་དང་ཀན་སུའུ་ཁུལ་གཉིས་སུ་བགོས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་402ཡོད་པ་དང་། མཚོ་སྔོན་དུ་སྤྱི་ཆིང་ཁྲི་158ཡོད་པས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་31.5%ཟིན་ཡོད། མོན་ཡོན་དང་མདོ་ལ། ཐེན་ཅུན། གཏེར་ལེན་ཁ་བཅས་རྫོང་4དང་ཤང་དང་གྲོང་རྡལ་17གྲོང་ཚོ་60དང་འབྲེལ་ཡོད་ཅིང་། མཚོ་སྔོན་མདོ་ལ་རི་བོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཞན་སྨི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཧའེ་ཧོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་སོགས་སྲུང་སྐྱོང་ཁུལ་ཚུད་ཡོད་ལ། འདི་ནི་མཚོ་སྔོན་ཞིང་ཆེན་དུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་གཉིས་པ་རེད། 
    འདས་མ་ཐག་པའི་ལོ་གཅིག་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་ཞིང་། མཚོ་བྱང་ཁུལ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། བྱེད་ཐབས་འཐུས་ཚང་བཟོ་བ། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་ཁྲོད་མངོན་གསལ་དོད་པའི་སྣོད་བཅུད་མ་ལག་གི་སྤྱི་ཡོངས་སྲུང་སྐྱོང་དང་མ་ལག་སླར་གསོ་མཐའ་འཁྱོངས་བཅས་བྱས་ཏེ། འཛུགས་སྐྲུན་ཁྲོད་སྐྱེས་ཁམས་མ་ལག་སྤྱི་ཡོངས་ནས་སྲུང་སྐྱོང་དང་མ་ལག་ཉམས་གསོ་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ས་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པའི་འདུ་ཤེས་གཞིར་བཟུང་ནས། འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུ་མཐའ་འཁྱོངས་དང་གཙོ་གནད་གཤམ་སྤེལ་བྱས་ཏེ་མ་ལག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེས་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་མཐུན་སྦྱོར་འཕེལ་རྒྱས། ཐོན་ཁུངས་གསར་སྤེལ་དོ་དམ་ཚོད་འཛིན་འཐུས་སྒོ་ཚང་དུ་གཏོང་བ་དང་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་སོགས་ཀྱི་ཐད་ལ་འཚོལ་ཞིབ་ནུས་ལྡན་བྱས་ཡོད། 
༄༅།།མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ།
༄༅།།མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ།