འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་8ཉིན།

༄༅།།“ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆར་”དཔྱིད་རྨོས་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆར་”དཔྱིད་རྨོས་ལས་ལ་བྲེལ།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། གངས་ལྗོངས་ས་མཐོའི་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་བྱང་ཕྱོགས་གྲོང་ཚོར་ད་ལྟ་གཞི་ནས་སྐྱེས་དངོས་ཀུན་གསོན་ཤུགས་རྒྱས་པའི་དུས་ཤར་བ་དང་། གྲོང་མི་ཚོས་འདམ་ཆུང་མཚོའི་འགྲམ་དུ་ཕུན་སུམ་ཚོགས་པའི་དཔྱིད་རྨོས་བྱེད་སྒོ་སྤེལ་བཞིན་ཡོད། འཁྲུག་ཆ་དོད་པའི་རྟ་རྒྱུག་འགྲན་བསྡུར་དང་རེ་བའི་སོན་བཟང་འདེབས་པའི་དཔྱིད་རྨོས་མཛད་སྒོའི་ཐོག་གླུ་ལེན་གར་འཁྲབ་བྱེད་པ་དང་། གྲོང་མི་ཚོས་སྲོལ་རྒྱུན་གྱི་བྱེད་སྟངས་ཐོག་ནས་དཔྱིད་རྨོས་མཛད་སྒོའི་ཐོག་རང་ཉིད་ཀྱི་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།
    ལོ་58ལ་སླེབས་པའི་གྲོང་མི་བཀྲ་རྡོར་ད་ལོ་དཔྱིད་རྨོད་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ཐེངས་བདུན་པ་ཡིན་པ་རེད། སྐོར་བ་4ཡི་འགྲན་རྩོད་བྱས་པ་བརྒྱུད། ད་ལོ་ཁོང་ལ་སླར་ཡང་ཨང་དང་པོ་ཐོབ་ཡོད། མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་་ཁ་བཏགས་སྒྲོན་པས་ཁོང་དང་ཁོང་གི་རྟ་ཁ་བཏགས་ཀྱིས་བཏུམ་ནས་མཐོང་རྒྱུ་མེད་པར་འགྱུར། དཔྱིད་རྨོས་རྟ་རྒྱུག་འགྲན་བསྡུར་སྤེལ་རྗེས། སྲོལ་རྒྱུན་གྱི་དཔྱིད་རྨོས་མཛད་སྒོ་ཡིན་པ་དང་། གྲོང་མི་ཚོས་“རྨོན་མཛོ་གཉིས་”ཀྱིས་ཞིང་རྨོ་བའི་སྲོལ་རྒྱུན་གྱི་བྱེད་སྟངས་སྤྱོད་པ་དང་། ལོ་81ལ་སླེབས་པའི་བགྲེས་སོང་ཆོས་དབང་གིས་དེའི་རྗེས་སུ་ཕྱིན་ནས་ས་བོན་འདེབས་བཞིན་ཡོད།
    “རྨོན་མཛོ་གཉིས་”ཀྱིས་ཞིང་རྨོ་བའི་མཛད་སྒོ་སྤེལ་རྗེས། དེང་རབས་ཅན་གྱི་འདྲུད་འཐེན་འཁོར་ལོའི་ཐོག་སྐར་ལྔའི་དར་དམར་བཙུགས་ནས་ཞིང་རྨོ་འགོ་ཚུགས་པ་དང་། ལྷིང་འཇགས་ཀྱི་ས་གཞིའི་ཐོག་ལས་ལ་བྲེལ་བའི་རྣམ་པས་ཁེངས། རྨོ་འདེབས་བྱེད་འགོ་ཚུགས་པ་དང་ཆབས་ཅིག་གཟབ་མཆོར་ལེགས་པར་སྤྲས་པའི་བོད་རིགས་ཕོ་གསར་མོ་གསར་ཚོས་གླུ་ལེན་གར་འཁྲབ་བྱེད་འགོ་ཚུགས། སྔོ་ཞིང་དྭངས་བའི་འདམ་ཆུང་མཚོའི་འགྲམ་དུ་འཕྲུལ་འཁོར་གྱི་སྒྲ་དང་། གླུ་དབྱངས་སྒྲ དགའ་འབོད་ཀྱི་སྒྲ་བཅས་མཉམ་དུ་འདྲེས་ནས་དཔྱིད་རྨོས་ཀྱི་མཉམ་སྒྲོག་རོལ་དབྱངས་ཤིག་ཏུ་གྱུར།
【1】  【2】  【3】  【4】  【5】  【6】
༄༅།།“ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆར་”དཔྱིད་རྨོས་ལས་ལ་བྲེལ།