མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྙན་སེང་གསན་པ་དང་འབྲེལ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ།
     ■ ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་འཕྲལ་སྡོམ་རང་བཞིན་གྱི་རྒྱུན་སྲོལ་ལས་བརྒལ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བར་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལྷུག་ཏུ་གཏོང་བ་དང་ངལ་གསོ་རྒྱག་ཆོག་པ་མཚོན་གྱི་མེད། ཏང་ཀྲུང་དབྱང་གིས་མུ་མཐུད་འབྲེལ་གཏུག་ཚོགས་ཆུང་བཏང་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། དྲག་སྐྱེད་བྱུང་བའི་ནད་པའི་བདེ་ཐང་སླར་གསོ་དང་སེམས་ཁམས་གསོ་བའི་ལས་དོན་ལ་མུ་མཐུད་མཛུབ་ཁྲིད་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ་ལས་རྐང་རྗེས་ལག་བསུབ་གཏན་ནས་བྱེད་མི་རུང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྦབ་ཆ་གཅིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་པ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེན་ཕོག་པའི་ས་ཁུལ་དུ་མཛུབ་ཁྲིད་ཚོགས་ཆུང་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེའི་མི་དམངས་དང་ཝུའུ་ཧན་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། དངོས་ཟོག་འགན་ལེན་བཅས་གཙོ་གནད་ལས་དོན་ཁག་གསུམ་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་མཆེད་རྒྱུ་ཚོད་འཛིན་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་ཧུར་ཐག་སྲུང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་མངའ་ཁོངས་ཕྱིའི་རིམས་ནད་ཁྱབ་མཆེད་ཀྱི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་མེད་པ་དང་། རྒྱལ་ནང་གི་ས་ཁུལ་རེ་གཉིས་ལ་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་ཡོད་པས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ད་དུང་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ལྡན་ཡོད། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་འཕྲལ་སྡོམ་རང་བཞིན་གྱི་རྒྱུན་སྲོལ་ལས་བརྒལ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བར་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དེ་ལྷུག་ཏུ་གཏོང་བ་དང་ངལ་གསོ་རྒྱག་ཆོག་པ་མཚོན་གྱི་མེད། ཏང་ཀྲུང་དབྱང་གིས་མུ་མཐུད་འབྲེལ་གཏུག་ཚོགས་ཆུང་བཏང་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། དྲག་སྐྱེད་བྱུང་བའི་ནད་པའི་བདེ་ཐང་སླར་གསོ་དང་སེམས་ཁམས་གསོ་བའི་ལས་དོན་ལ་མུ་མཐུད་མཛུབ་ཁྲིད་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ་ལས་རྐང་རྗེས་ལག་བསུབ་གཏན་ནས་བྱེད་མི་རུང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྦབ་ཆ་གཅིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལག་བསྟར་ཁྲོད་ཀྱི་ཕན་ནུས་ལྡན་པའི་བྱ་ཐབས་ཁག་དུས་ཐོག་ཏུ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཐོན་པའི་གནད་དོན་གྱི་ཞན་ཆ་སེལ་བ་དང་། ཆད་ལུས་གསབ་པ། ཞན་ཆ་ལེགས་གཏོང་བཅས་ལ་དམིགས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་ལེགས་སུ་གཏོང་བ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་བྱེད་པ། རིམས་ནད་ལྟ་དཔྱད་ཀྱི་སྔོན་ཚུད་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོ་དམ་དང་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བྱ་ཐབས་གསར་གཏོད་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་ཀྱི་སྒོ་ནས་ཤེས་དཔལ་དང་། བདེ་ཐང་། ལྗང་མདོག ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"