འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་8ཉིན།

༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་རྡོག་ཐོན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་རྡོག་ཐོན་བྱས་པ།
    འདི་ག་ཚགས་པར་ཁང་དུ་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན་གྱི་ཆུ་ཚོད་13དང་སྐར་མ་30ཡི་ཐོག་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་རྡོག་ཐོན་གྱི་མཛད་སྒོ་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འཚོགས་པ་རེད། ཚད་འཇལ་རི་འཛེག་རུ་མི་30ལྷག་ཙམ་ས་བབ་མཐོ་ཚད་སྨི་5200ཙམ་གྱི་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་རྡོག་ཐོན་གྱིས་ས་བབ་དེ་བས་མཐོ་བའི་ཕྱོགས་སུ་འཛེགས་ཏེ་མཐོ་ཚད་འཇལ་བར་སྐྱོད་འགོ་ཚུགས་ཡོད། ཉེ་ཆར་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཉེ་འགྲམ་དུ་གནམ་དྭངས་པ་དང་ལྷགས་པ་ཅུང་ཆེ་རུང་མཐོང་ཁ་གསལ་པོ་ཡོད་པས་རུ་མི་ཚོས་མཐོ་ཚད་འཇལ་བར་བསྐྱོད་རྒྱུར་འཚམ་པོ་ཡོད་པ་རེད། རུ་མི་ཚོས་གནམ་གཤིས་ཡག་པའི་དུས་སྐབས་དམ་འཛིན་གྱིས་རི་རྩེར་འཛེགས་ནས་མཐོ་ཚད་འཇལ་རྒྱུ་ཡིན་ཞིང་། ལས་འགན་དེ་ལེགས་གྲུབ་བྱུང་ཚེ་ཚད་འཇལ་ཐིག་ལེན་རུ་མི་དང་རི་འཛེག་རུ་མི་མཉམ་དུ་རི་རྩེར་འཛེགས་པའི་དམིགས་ཚད་ཐོག་མར་མངོན་འགྱུར་ཐུབ་རྒྱུ་རེད།
    རྒྱལ་ཁབ་ཐིག་ལེན་རིས་འབྲི་ཅུས་ཚད་འཇལ་རུ་ཆེན་དང་པོའི་རུ་དཔོན་ལི་གོ་ཕུང་གིས་གསར་འགོད་པར་ཟླ་3ཚེས་5ཉིན་ནས་བཟུང་ཕྱི་རོལ་གྱི་ཚད་འཇལ་རུ་མིས་ཚད་འཇལ་གྱི་ལས་དོན་འབོར་ཆེན་སྒྲུབ་བཞིན་ཡོད་པའི་ཁྲོད་ཁྱབ་རྒྱ་ཆེ་བའི་དྲ་རྒྱ་འཛུགས་པ་དང་སྲུང་སྐར་གྱི་ས་སྙིང་འཐེན་ཤུགས་དྲ་རྒྱ་འཛུགས་པ་སོགས་ཚུད་ཡོད། སྒར་ས་ཆེ་མོར་ཡང་5Gདྲ་རྒྱ་བཙུགས་ནས་གྲངས་གཞི་དང་འཕྲིན་གཏོང་བྱེད་བདེ་བར་བྱས་ཡོད་ཅེས་བཤད།
   “ཚེས་6ཉིན་ནས་བཟུང་ཕྱི་རོལ་གྱི་ཚད་འཇལ་དང་སྣོལ་མཚམས་ཀྱི་ཚད་འཇལ་ཚང་མ་དམིགས་སར་འབྱོར་ཡོད། མིག་སྔར་ཚད་མཇལ་རི་འཛེག་རུ་ཁག་གི་རུ་མིའི་གཟུགས་གཞིའི་གནས་ཚུལ་ཡག་པོ་ཡོད་པ་དང་སྙིང་སྟོབས་རབ་ཏུ་རྒྱས་ཤིང་། རི་རྩེར་འཛེགས་རྗེས་རི་རྩེའི་ལྟ་འཇལ་བཙུགས་སྟེགས་དང་མཉམ་དུ་ཚད་འཇལ་རྒྱུ་རེད”ཅེས་ལི་གོ་ཧྥུང་གིས་བཤད། 
【1】  【2】
༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་རྡོག་ཐོན་བྱས་པ།