འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།སྨར་ཁམས་ཀྱི་ཚྭ་ཞིང་། ཚོན་མདོག་སྣ་ལྔའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྨར་ཁམས་ཀྱི་ཚྭ་ཞིང་། ཚོན་མདོག་སྣ་ལྔའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན།
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན། སྨར་ཁམས་རྫོང་འཇང་མི་རིགས་ཤང་གནས་སའི་ལོ་ངོ་སྟོང་གི་ཚྭ་ཞིང་ལ་ད་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ཞིང་། དེ་ནི་འཛམ་གླིང་ཐོག་ཉར་ཚགས་ཡག་ཤོས་བྱུང་བའི་གདོད་མིས་མི་ཐབས་ཀྱི་ཉི་སྐམ་བྱེད་ཐབས་ཤིག་རེད།
     འཇང་ཤང་དུ། མུ་འབྲེལ་གྱི་ཚྭ་ཞིང་ཉི་འོད་འོག་ཚོན་མདོག་སྣ་ལྔར་འགྱུར་ཞིང་། ད་ཆ། སྲོལ་རྒྱུན་གྱི་ཆུ་ཟོམ་ནང་ཆུ་ལེན་པ་དེ་འཕྲུལ་འཁོར་གྱིས་ཚབ་བྱས་ཡོད་པ་དང་། ཁོང་ཚོས་ཆུ་འཐེན་འཕྲུལ་འཁོར་སྤྱད་ནས་གཙང་འགྲམ་གྱི་ཚྭ་ཁྲོན་ནས་ཚྭ་ཆུ་འཐེན་ཏེ་དྭངས་བསིང་རྫིང་བུའི་ནང་ཐོག་མའི་འཚག་རྒྱབ་རྗེས། དེ་ནས་རང་ཁྱིམ་གྱི་ཚྭ་ཞིང་དུ་འདྲེན་ཏེ་ཉི་འོད་འོག་རླངས་འགྱུར་བྱས་རྗེས་ཚྭ་རག་གི་ཡོད་པ་དང་།  དེ་རྗེས་ཉི་སྐམ་བཏང་ནས་སྔར་བས་གཡོག་བྱེད་བྱས་རྗེས་བཟའ་ཚྭ་བཟོ་ཐུབ་ཀྱི་ཡོད་པ་རེད།
    ལོ་མང་རིང་གོང་རིམ་ཏང་ཨུད་དང་སྲིད་གཞུང་དང་།  ལས་སྒོའི་སྡེ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འོག སྨར་ཁམས་རྫོང་གིས་“སྲུང་སྐྱོང་གཙོ་བོ་དང་། ལུགས་མཐུན་བེད་སྤྱོད།”ཀྱི་བྱ་ཐབས་ལག་བསྟར་བྱས་ནས། གཏོར་སྐྱོན་ཕོག་པ་དང་བེད་མེད་དུ་འགྱུར་བའི་ཚྭ་ཞིང་ལ་རྒྱུན་མཐུད་ངང་ཉམས་གསོ་བྱས་པ་རེད། “དེ་ལྟར་བྱས་ཀྱང་། དཔལ་འབྱོར་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་བསྟུན་ནས་ཚྭ་འདོན་མཁན་ཁག་གཅིག་དང་ལྷག་པར་དུ་འཇང་གྲོང་ཚོའི་ཚྭ་འདོན་མཁན་གྲོང་མིས་ཚྭ་འདོན་པའི་ལས་ཀ་བྱེད་མཚམས་བཞག་ཡོད།”“གྲོང་མི་ཚོས་ཡོང་འབབ་འཚོལ་བའི་ཐབས་ལམ་མང་དུ་ཕྱིན་པ་ནི་དོན་དངོས་ཡིན། ཁྲོན་ཚྭ་ཉི་སྐམ་གཏོང་བའི་ལག་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པས་གྲོང་མི་ཚོས་དེ་བེད་སྤྱོད་མ་བཏང་ནའང་ལག་རྩལ་དེ་བརླག་མི་རུང་”ཞེས་བློ་བཟང་བཀྲ་ཤིས་ཀྱིས་བརྗོད་པ་རེད།
    བློ་བཟང་བཀྲ་ཤིས་ཀྱིས་བལྟས་ན། ཚྭ་འདོན་མཁན་གྱིས་མུ་མཐུད་ཚྭ་འདོན་པར་སྐུལ་འདེད་གཏོང་བའི་ལམ་བུ་དེ་རིག་གནས་དང་ཡུལ་སྐོར་གཅིག་ཏུ་འབྲེལ་རྒྱུ་དེ་རེད། “གོམ་སྟབས་རྗེས་མར། ང་ཚོས་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་5Aརིམ་པའི་མཛེས་ལྗོངས་ཁུལ་རེ་ཞུ་བྱེད་པའི་གོ་སྐབས་དང་བསྟུན་ནས། མུ་མཐུད་རིག་གནས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ་། ཡུལ་སྐོར་བ་སྔར་ལས་མང་བ་ཚྭ་ཞིང་དང་ཚྭ་འདོན་ལག་རྩལ་ལ་ལྟ་སྐོར་བྱེད་པར་བསྐུག་ནས། ཚྭ་འདོན་མཁན་ལ་ཡུལ་སྐོར་གྱི་ཡོང་འབབ་ཐོབ་པ་བྱས་ཏེ་ཁོང་ཚོའི་ཚྭ་འདོན་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་རྒྱུ་”དེ་ཡིན་པ་རེད།  
【1】  【2】  【3】
༄༅།།སྨར་ཁམས་ཀྱི་ཚྭ་ཞིང་། ཚོན་མདོག་སྣ་ལྔའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན།