འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅༎2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་5ཚེས་5ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གསར་པ་ཆེན་པོ་བཅུ་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་པ་སྟེ། དེ་དག་ནི་ཧྲའན་ཤིས་ནན་ཀྲེང་སུའེ་ཏུན་བྲག་ཕུག་རྡོ་ཆས་རྙིང་མའི་དུས་ཀྱི་བྲག་ཕུག་རྗེས་ཤུལ་དང་། ཧེ་ལུང་ཅང་རའོ་ཧོ་ཞའོ་ནན་ཧྲན་གྱི་རྗེས་ཤུལ།ཧྲའན་ཤིས་ཧྲན་མུའུ་རྡོ་གཡམ་རྗེས་ཤུལ་གྱི་གོང་མའི་ཕོ་བྲང་གཙོ་བོའི་རྡོ་བཀྱག ཧོ་ནན་ཧོའེ་དབྱང་ཕིང་ལེང་ཐའེ་གནའ་གྲོང་རྗེས་ཤུལ། ཧྲན་ཤིས་ཅང་རྫོང་ཤིས་ཝུའུ་ལྡེབས་རིས་ཀྱི་རྗེས་ཤུལ། ཀན་སུའུ་ཏུན་ཧོང་ཧན་ཞ་གཡང་ཊིའི་གཏེར་གྱི་རྗེས་ཤུལ། ཧུའུ་པེ་སུའེ་ཀྲོའུ་ཁ་སུར་སྡོང་པོའི་ཁྲུན་ཆིའུ་ཙིན་རྒྱལ་ཁབ་སྐུ་དྲག་གི་དུར་ས། ཤིན་ཅང་ཆི་ཐའེ་ཧྲི་ཁྲེང་ཙི་རྗེས་ཤུལ། མཚོ་སྔོན་ཝུའུ་ལན་ཆོན་གྲོག་རོང་གི་པུར་རྒྱལ་དུས་ཀྱི་ལྡེབས་རིས་བང་སོ།ཀོང་ཏུང“ལྷོ་རྒྱ་མཚོ་ཨང་དང་པོ”རྟགས་ཅན་གྱི་སུང་ལྷོ་མའི་དིམ་གྲུའི་ཆུ་འོག་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་བཅས་རེད།