འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་6ཉིན།

༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་06ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་པ།
    མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མར་འཛེགས་པའི་སྒར་ས་ཆེ་མོ་ནི་ཇོ་མོ་གླང་མའི་འདབས་ཀྱི་རི་ཁུག་ཏུ་གནས་ཡོད། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རུ་ཁག་ཟླ་བ་གཅིག་གི་གོང་དེ་གར་བཅའ་སྡོད་བྱས་ཡོད། ལོ་རེའི་རི་འཛེགས་དུས་ཚིགས་ཤར་སྐབས། འཛམ་གླིང་ཡུལ་གྲུ་ཁག་ནས་ཡོང་བའི་རི་འཛེགས་རྒྱུར་དགའ་བའི་མི་ཚོ་གནས་འདིར་འཛོམས་ཀྱི་ཡོད་པ་རེད། རི་འཛེག་ལུས་རྩལ་གྱི་འགོ་འཛུགས་ས་དང་རྒྱབ་ཕྱོགས་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས། གནས་འདིའི་འཚོ་བའི་སྒྲིག་ཆས་དང་རྨང་གཞིའི་སྨན་བཅོས་འགན་སྲུང་ཆ་ཚང་པོ་ཡོད། དུས་མཚུངས་སུ།  སྒར་སའི་ཉེ་འཁོར་གྱི་སྐྱེས་ཁམས་ཁོར་ཡུག་ཀྱང་སྲུང་སྐྱོང་ཡག་་པོ་བྱུང་ཡོད། འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ཡིན་པ། 
【1】  【2】  【3】  【4】
༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་པ།