འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་6ཉིན།

༄༅།།བོད་ལྗོངས་ཀྱི་ཞིང་ཆེན་རིམ་པའི་གཞོན་ནུ་ལོ་ཆུང་ཕོ་བྲང་དང་པོའི་སྒོ་བྱང་བཀལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་06ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཕྲུ་གུ་ཚོས་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་དང་བྱིས་པའི་ཕོ་བྲང་ནང་གླིང་བུ་གཏོང་བཞིན་པ།
འདི་ནི་ཕྲུ་གུ་ཚོས་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་དང་བྱིས་པའི་ཕོ་བྲང་ནང་གླིང་བུ་གཏོང་བཞིན་པ། 
    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་4ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་སྒོ་བྱང་བཀལ་བས། བོད་དུ་ཞིང་ཆེན་རིམ་པའི་གཞོན་ནུ་ལོ་ཆུང་ཕོ་བྲང་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། བོད་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་ལེའུ་གསར་པའང་བརྩམས་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་ཕོ་བྲང་2017ལོའི་ཟླ་7པར་ལས་འགོ་བཙུགས་ཤིང་། དེ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.75བཏང་བ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2.7ལྷག་ཙམ་ཡོད་པ། སློབ་གསོ་གསོ་སྦྱོང་དང་། ལག་ལེན་བྱེད་སྒོ། བརྗོད་དོན་གཙོ་བོའི་འགྲེམས་ཁང་བཅས་བྱེད་ནུས་ཁུལ་གསུམ་ལས་གྲུབ་ཡོད།
    བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གངས་ལྷ་བྱིས་པའི་སྒྱུ་རྩལ་ཚོགས་པའི་མཛུབ་སྟོན་དགེ་རྒན་ཁྲུན་མེ་ཡིས། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་བཙུགས་པ་ལས་གཞོན་ནུ་དང་བྱིས་པའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་དང་། བོད་ཀྱི་གཞོན་ནུ་ལོ་ཆུང་དང་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་འགྲོ་འོང་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།
    སླད་ཕྱིན། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གིས་གཞོན་ནུ་དང་བྱིས་པའི་བྱང་ཚད་མཐོར་གཏོང་སློབ་གསོའི་འགན་འཁྲི་ནན་ཏན་ངང་ཁུར་བ་དང་། མི་སྣ་གསོ་སྐྱོང་གི་བྱེད་ནུས་འདོན་སྤེལ་ཧུར་ཐག་བྱེད་པ། སྤྱི་ཚོགས་སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་དང་བྱིས་པ་ཁྲི་130ལྷག་ཙམ་ལ་རིམ་པ་མང་ཞིང་ཕྱོགས་ཁག་ཚང་བའི་སློབ་སྦྱོང་དང་ལག་ལེན་བྱ་ཡུལ་ཞིག་མཁོ་འདོན་བྱས་ནས་རྒྱ་ཆེའི་གཞོན་ནུ་དང་བྱིས་པའི་ཤེས་བྱ་སྦྱོང་འདོད་ཀྱི་དགོས་མཁོ་སྣ་ཚོགས་དང་རང་སོའི་ཁྱད་ཆོས་ལྡན་པའི་འཚར་ལོངས་ཀྱི་དགོས་མཁོ་བསྐང་རྒྱུ་རེད།