འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅༎བོད་རིགས་ཞང་ལ་ཐེངས་གསུམ་བསྐྱོད་དེ་དབུལ་སྒྲོལ་གནས་ཚུལ་ལ་ལྟ་བ། 
ཀན་སུའུ་ལུང་ནན་ཕིང་ཡ་བོད་རིགས་ཞང་གི་དབུལ་སྒྲོལ་བརྙན་པར། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་རིགས་ཞང་ལ་ཐེངས་གསུམ་བསྐྱོད་དེ་དབུལ་སྒྲོལ་གནས་ཚུལ་ལ་ལྟ་བ། 
ཀན་སུའུ་ལུང་ནན་ཕིང་ཡ་བོད་རིགས་ཞང་གི་དབུལ་སྒྲོལ་བརྙན་པར།
     གོང་གི་པར་རིས་ནི་ཟླ་4ཚེས་28ཉིན་པར་བླངས་པའི་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཕིང་ཡ་བོད་རིགས་ཞང་བཀོད་སྒྲིག་ཁུལ་གྱི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ་དང་། བར་གྱི་པར་རིས་ནི་2018ལོའི་ཟླ་10ཚེས་31ཉིན་པར་བླངས་པའི་ཕིང་ཡ་བོད་རིགས་ཞང་བཀོད་སྒྲིག་ཁུལ་གྱི་ཡུལ་ལྗོངས་ཧྲིལ་པོ་ཡིན། འོག་གི་པར་རིས་ནི་2016ལོའི་ཟླ་9ཚེས་1ཉིན་པར་བླངས་པའི་གནས་མ་སྤོས་གོང་གི་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཕིང་ཡ་བོད་རིགས་ཞང་ཡའོ་ཏའོ་གྲོང་ཚོ་ཡིན།
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ནི་ཆིན་པ་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཝུའུ་ཏུའུ་ཆུས་ཁོངས་གཏོགས་ཀྱི་ཕིང་ཡ་བོད་རིགས་ཞང་གི་རང་བྱུང་ཁོར་ཡུག་ཤིན་ཏུ་ཞན་པ་དང་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་ལ། ཤིན་ཏུ་དབུལ་པོ་ཡིན། 2013ལོའི་ལོ་མཇུག་ཏུ། ཕིང་ཡ་བོད་རིགས་ཞང་དུ་གྲོང་ཚོ་དབུལ་པོ་8དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་587དང་མི་2743ཡོད་པ་རེད། 2015ལོར་ཞང་དེར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། 
     2016ལོ་ནས་2020ལོ་བར། གསར་འགོད་པ་ཕིང་ཡ་བོད་རིགས་ཞང་དུ་སྔ་རྗེས་སུ་ཐེངས་གསུམ་ལ་བསྐྱོད་དེ་བརྙན་དང་པར་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཕེལ་རིམ་ཟིན་ཐོར་བཀོད་པ་རེད། 2018ལོར་ས་གནས་དེ་གས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། མང་ཚོགས་5731ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་སྔ་རྗེས་སུ་གནས་སྤོས་ཡོད། དེ་དང་ཆབས་ཅིག  ས་གནས་དེ་གས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་སྐྱོར་འཁོར་ཁང་ནང་འདྲེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས“སྤོ་ཐུབ་པ་དང་། སྡོད་ཐུབ་པ། དབུལ་སྒྲོལ་ཐུབ་པ”བཅས་ཀྱི་འགན་ལེན་བྱས་པ་རེད། 2019ལོའི་ལོ་མཇུག་བར། ཕིང་ཡ་བོད་རིགས་ཞང་གི་གྲོང་ཚོ་དབུལ་པོ་8ཚང་མ་དབུལ་སྒྲོལ་ཐུབ་པ་རེད། 
【1】  【2】  【3】  【4】  【5】  【6】