འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅༎བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་འཕེལ་རྒྱས་མགྱོགས་པོ་དང་ལེགས་སྟོབས་གཉིས་གསོའི་ལས་དོན་གྱི་གཙོ་གནད་ཆེན་པོ་གཉིས་ལ་དམ་པོར་དམིགས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ནུས་པ་ཧུར་ཐག་འདོན་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་འབྲོག་པའི་ཡོང་འབབ་ཏན་ཏིག་ངང་འཕར་བ་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་གཞན་སྒྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
    འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་རྟེན་དངོས་པོ་ལས་སྣོན་བྱེད་བཞིན་པའི་རྣམ་པ་ཡིན་པ།