འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་27ཉིན།

༄༅༎མཚོ་སྔོན་ཚྭ་ཁ་མཛེས་ལྗོངས་ཁུལ་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་27ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་4ཚེས་26ཉིན་ཡུལ་སྐོར་བས་ཚྭ་ཁ་རུ་པར་རྒྱག་བཞིན་ཡོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཟླ་4ཚེས་26ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་གྱི་ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བསུ་འགོ་ཚུགས་པ་རེད།
ཟླ་4ཚེས་26ཉིན་ཡུལ་སྐོར་བས་ཚྭ་ཁ་རུ་པར་རྒྱག་བཞིན་ཡོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཟླ་4ཚེས་26ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་གྱི་ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བསུ་འགོ་ཚུགས་པ་རེད།
     མི་དམངས་དྲ་བའི་འཕྲིན། གངས་ཀྱིས་བཀླུབས་པའི་རི་ཚོགས་ཀྱིས་མཚེའུ་ཆེན་པོ་ཞིག་བསྐོར་ཡོད་ལ། ལྷིང་འཇགས་ཀྱི་མཚོ་ངོས་ནི་སྔོ་ཐིང་ཐིང་གི་མེ་ལོང་ཞིག་དང་འདྲ། ཚེས་26ཉིན“ནམ་མཁའི་མེ་ལོང”དུ་གྲགས་པའི་4Aརིམ་པའི་མཛེས་ལྗོངས་ཁུལ་ཏེ་ཚྭ་ཁ་མཛེས་ལྗོངས་ཁུལ་དངོས་སུ་སྒོ་མོ་ཕྱེ་བ་དང་། ཟླ་4ཚེས་26ཉིན་ནས་ཟླ་6ཚེས་30ཉིན་བར། མཛེས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་སྒོ་འཛིན་མི་དགོས་པ་བྱས་ཡོད།
 “ཁྱིམ་དུ་ཟླ་བ་གསུམ་ཙམ་སྡོད་རིང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་དུ་ཕྱིན་ནས་རང་བྱུང་ཁམས་སུ་སེམས་གཡེང་ན་འདོད་ཀྱི་ཡོད།” ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་སུའུ་ལིན་གྱིས་གསར་འགོད་པར་ད་ཐེངས་ང་དང་གྲོགས་པོ་ཚོས་སྒེར་འཁོར་བཏང་ནས་མཚོ་སྔོན་དུ་ཡུལ་སྐོར་ལ་འགྲོ་རྒྱུ་བྱས་པ་དང་། ཚྭ་ཁའི་མཛེས་ལྗོངས་སེམས་ལ་ཉར་ཞིང་འདྲ་པར་ནང་བཞག་ནས་ཝུའུ་ཧན་དུ་ཡོད་པའི་ཁྱིམ་མི་ཚོར་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། 
     གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚྭ་ཁ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་ཆེན་དེ་གའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཁྲོམ་ར་ཇེ་འཁྲུག་ཏུ་གཏོང་བ་དང་། རྒྱལ་ཡོངས་ཀྱི“ལྡོག་སྐྱོད་པ”མཛེས་ཤོས་ལ་བླ་ན་མེད་པའི་གུས་འདུད་ཞུ་ཆེད། 2020ལོར། ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་། ཧུའུ་པེ་ནས་ཡིན་པའི་ཡུལ་སྐོར་བ། མཚོ་སྔོན་ནས་ཡིན་པའི་ཡུལ་སྐོར་བ། ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མར་སྒོ་འཛིན་མི་དགོས་པ་བྱ་རྒྱུ་ཡིན།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་2020ལོའི་ཚྭ་ཁ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་སྲིད་ཇུས་ནང་ད་དུང་ཐེམ་ཁུངས་ཧུའུ་པེ་ནས་ཡིན་པའི་སྨན་དོན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱི་ཝུའུ་ཧན་དུ་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་དང་མཉམ་དུ་བསྐྱོད་པའི་ནང་མི་གཉིས་ལ་སྒོ་འཛིན་མི་དགོས་པ་བྱ་རྒྱུ་དང་། ཟླ་7ཚེས་1ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་དང་སྤྱི་པའི་ངལ་གསོའི་ཉིན་མོར་ལོ་ཧྲིལ་པོར་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་1ཉིན་ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་དང་མཉམ་དུ“མེ་འཁོར་ལ་བསྡད་ནས་ཚྭ་ཁར་རིན་མེད་ཀྱིས་ཡུལ་སྐོར་བྱེད་པའི”བྱེད་སྒོ་བཏོན་ནས་ཟི་ལིང་ནས་ཚྭ་ཁ་བར་གྱི་འགྲུལ་སྐྱེལ་མེ་འཁོར་K6961/2མང་དུ་གཏོང་རྒྱུ་ཡིན་པ་རེད། 
     ཚྭ་ཁའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3059ཟིན་པ་དང་། མཚོ་ངོས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ105ཟིན་ཡོད། དེ་ནི་གནའ་བོའི་དར་གོས་ལམ་བུའི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་298ཙམ་ཡོད།
འདི་ནི་ཟླ་4ཚེས་26ཉིན་པར་བླངས་པའི་ཚྭ་ཁའི་ཟུར་གཅིག་ཡིན།
འདི་ནི་ཟླ་4ཚེས་26ཉིན་པར་བླངས་པའི་ཚྭ་ཁའི་ཟུར་གཅིག་ཡིན།