འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་24ཉིན།

༄༅༎བོད་རིགས་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི“སྙིང་ཉེ་བའི་མི”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་24ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྒོ་གཡས་གྲོང་རྡལ་ཀླུ་རྔ་གྲོང་ཚོའི་རྣམ་པ་ཡིན།
འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྒོ་གཡས་གྲོང་རྡལ་ཀླུ་རྔ་གྲོང་ཚོའི་རྣམ་པ་ཡིན། 
     མི་དམངས་དྲ་བའི་འཕྲིན། “དེ་རིང་གྲོང་མི་ཐུའུ་ལུའུ་ལེ་ཡི་ཁྱིམ་དུ་འགྲོ་དགོས་ཀྱི་ཡོད། གོ་ཐོས་ལྟར་ན་ཉེ་ཆར་ཁོ་མོའི་གཟུགས་པོ་ཇེ་ལེགས་སུ་སོང་འདུག་ཟེར། ང་ཡང་དགའ་ཚོར་ཆེན་པོ་སྐྱེས་བྱུང”ཅེས་ད་ལོ་ལོ་56ལ་སླེབས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྒོ་གཡས་གྲོང་རྡལ་ཀླུ་རྔ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཅིན་ལིས་བཤད།  
     ཀླུ་རྔ་གྲོང་ཚོ་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་2000ཡན་ཟིན་ལ། བོད་རིགས་རྐྱང་མའི་གྲོང་ཚོ་ཞིག་ཡིན་པ་དང་དེ་སྔ་ས་གནས་དེ་གའི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་རེད། 2018ལོར་ཀན་སུའུ་ཞིང་ཆེན་ཆུ་དོན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིར་ལས་ཀ་བྱེད་བཞིན་པའི་ཀྲང་ཅིན་ལི་ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་བཀའ་མངགས་ལྟར་ཀླུ་རྔ་གྲོང་ཚོར་ཡོང་ནས་ཁོང་གི་གྲོང་སྡོད་རོགས་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་པ་རེད། 
     ལས་གནས་ཐོག་སླེབས་མ་ཐག་ཀླུ་རྔ་གྲོང་ཚོའི་དུད་ཚང་94ཡི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་47ཡོད་པ་དང་། གྲོང་མི་མི་ཉུང་བ་ཞིག་ད་དུང་ས་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད་ལ། འཐུང་ཆུ་འཁུར་དགོས་པ་དང་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་1.3ཙམ་ཡིན།  གྲོང་ཚོར་ཐོན་ལས་ཀྱི་འདེགས་སྐྱོར་མེད་པས་དབུལ་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།
     ལོ་གཉིས་རིང་ཀྲང་ཅིན་ལི་ཀླུ་རྔ་གྲོང་ཚོའི་ལུང་པ་ཡོངས་སུ་བསྐྱོད་དེ་མང་ཚོགས་དང་ཁ་བརྡ་བྱེད་པ་དང་དཀའ་ངལ་འདྲི་བ། རི་འགོར་འཛེགས་ཤིང་ཞིང་ཁར་བསྐྱོད་པ་བཅས་བྱས་ནས་མི་ཚང་ཚང་མའི་གནས་ཚུལ་རྒྱུས་ལོན་བྱས་པ་རེད། ཡུལ་བབ་དང་བསྟུན་ནས་གྲོང་མི་རྣམས་དབུལ་པོའི་གནས་ལས་སྒྲོལ་རོགས་བྱ་ཆེད། ཀྲང་ཅིན་ལིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་དུ་རོགས་སྐྱོར་ཚན་པའི་རྒྱབ་སྐྱོར་འོག   རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ་རང་འབབ་ཆུ་དུད་ཚང་ཚང་མར་འཐེན་པ་དང་། ཉེན་ཡོད་ཁང་རྙིང་སྒྱུར་བཀོད་བྱེད་པ། ཚད་ལྡན་ཅན་གྱི་བུ་བཅོལ་ཁང་བསྐྲུན་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་དུས་མཚུངས་ཞིང་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། རི་སྐྱེས་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་མིར་འབབ་འཕར་ཕྱུག་འགྱུར་བྱེད་རོགས་བྱས་པ་རེད། 
     2018ལོའི་ལོ་མཇུག་ཏུ། ཀླུ་རྔ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ནས་དེ་སྔའི་ཤིན་ཏུ་དབུལ་བའི་གྲོང་ཚོ་འདི་ཉིད་མཛེས་སྡུག་ལྡན་པའི་བོད་སྡེ་ཞིག་ཏུ་འགྱུར་བཞིན་ཡོད།
     ད་ཆ། ཀླུ་རྔ་གྲོང་ཚོའི་མང་ཚོགས་ཀྱིས་ཀྲང་ཅིན་ལི་རང་ཉིད་ཀྱི“སྙིང་ཉེ་བའི་མིར”བརྩིས་ནས། གྲོང་མི་ཚོས་ཁྱིམ་དུ་དོན་དག་ཡོད་དུས་ཧྲུའུ་ཅི་ཀྲང་ལགས་དང་གྲོས་བསྡུར་བྱེད་བསམ་གྱི་ཡོད། ཀྲང་ཅིན་ལིས་མྱོང་བ་ཟབ་མོས་བཤད་རྒྱུར་ “ཁ་ཞེ་གཉིས་མེད་ངང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་རང་ཉིད་དངོས་སུ་མང་ཚོགས་དང་མཉམ་འདྲེས་ཐུབ་པ་བྱས་ཚེ། གཞི་ནས་ཡུལ་མི་སྤུན་ཟླ་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་ཐུབ་པ་རེད།  ཀླུ་རྔ་གྲོང་ཚོའི་མང་ཚོགས་ཀྱི‘སྙིང་ཉེ་བའི་མི’ཡག་པོ་བྱེད་ཐུབ་པ་ནི་ངའི་བསམ་འདུན་ཆེ་ཤོས་དེ་ཡིན”ཞེས་བརྗོད་པ་རེད།
【1】  【2】  【3】  【4】  【5】  【6】  【7】  【8】
༄༅༎བོད་རིགས་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི“སྙིང་ཉེ་བའི་མི”