འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་24ཉིན།

༄༅༎2020ལོའི“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ།

བརྗོད་དོན་གཙོ་བོའི་དགོང་ཚོགས་དང་། དཔེ་ཁང་འཛུགས་སྐྲུན། དཔེ་ཀློག་རྩོམ་བསྡུ་སོགས་མུ་འབྲེལ་བྱེད་སྒོ་21སྔ་རྗེས་སུ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་24ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
དང་བླངས་པས་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང་གི་སློབ་མར་སློབ་སྦྱོང་ཡོ་བྱད་སྤྲད་དེ“དཔེ་རྟགས་ལྗང་གུའི”བྱེད་སྒོ་སྤེལ་བ།
དང་བླངས་པས་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང་གི་སློབ་མར་སློབ་སྦྱོང་ཡོ་བྱད་སྤྲད་དེ“དཔེ་རྟགས་ལྗང་གུའི”བྱེད་སྒོ་སྤེལ་བ།
    མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་ནི་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས་ཉེར་ལྔ་པ་ཡིན་ཞིང་། བོད་ལྗོངས་ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཉིན་དེར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་དུ་2020ལོའི“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རང་ལྗོངས་ཀྱི་2020ལོའི“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་དགོང་ཚོགས་དང་། སྙན་ངག་གྱེར་འདོན། དཔེ་ཁང་འཛུགས་སྐྲུན། དཔེ་ཀློག་རྩོམ་བསྡུ། དཔེ་དཔྱད་འོས་སྦྱོར་སོགས་མུ་འབྲེལ་བྱེད་སྒོ་ཁག་21སྤེལ་ནས་སྤྱི་ཚོགས་ཡོངས“དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ”བཅས་ཀྱི་ཤེས་དཔལ་སྲོལ་བཟང་ཧུར་ཐག་བཏོད་དེ“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་རྒྱག་པའི་”དམིགས་ཚད་ལས་འགན་ལ་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱ་རྒྱུ་རེད།
    ཚེས་23ཉིན་མལ་གྲོ་གུང་དཀར་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཐབས་ལ་བརྟེན་ནས་འཛམ་གླིང་གི་དཔེ་ཀློག་ཉིན་མོའི་མུ་འབྲེལ་བྱེད་སྒོ་སྤེལ་བ་རེད། མལ་གྲོ་གུང་དཀར་རྫོང་ཤིན་ཧྭ་དཔེ་ཚོང་ཁང་གིས་དཔེ་ཚོང་ཁང་གི་སྐོར་སྐྱོད་རླངས་འཁོར་སྤྱད་དེ་རྒྱལ་ལམ་318རྒྱུད་དུ“དམངས་ཡོངས་ཀྱིས་དཔེ་དེབ་ཀློག་རྒྱུ་དར་སྤེལ་བཏང་ནས། དཔེ་ཀློག་མལ་གྲོ་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཟིགས་སྐྱོང་དེབ་ཚོང་དང་ལག་རྟགས་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད། དེ་དང་ཆབས་ཅིག་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གིས་དགེ་སློབ་ཡོངས་སྒྲིག་འཛུགས་བྱས་ནས་ཉིན་ཕྱེད་ཀྱི་དུས་ཚོད་སྤྱད་དེ་གཅིག་སྡུད་ཐོག་ལོ་རྒྱུས་ཀྱི་བརྙན་ལམ་ལྟ་བ་དང་དཔེ་ཀློག་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་སློབ་མར་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཡོད།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་ལས་བྱེད་ལས་བཟོ་ཚོས་ཏང་ཡོན་བྱེད་སྒོ་ཁང་ནང་དཔེ་དེབ་ལྟ་ཀློག་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་ལས་བྱེད་ལས་བཟོ་ཚོས་ཏང་ཡོན་བྱེད་སྒོ་ཁང་ནང་དཔེ་དེབ་ལྟ་ཀློག་བྱེད་བཞིན་པ།