འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་23ཉིན།

༄༅༎བོད་ལྗོངས་ཀྱི་2019ལོའི་ལོ་ཧྲིལ་པོའི་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་550ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་23ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཚོགས་འདུའི་ཚོགས་ར་དངོས་ཡིན་པ།
འདི་ནི་ཚོགས་འདུའི་ཚོགས་ར་དངོས་ཡིན་པ། 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་གྱི་སྔ་དྲོར་གསར་འགོད་པས་2020ལོའི་བོད་ཀྱི་ཡུལ་སྐོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4012.15ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་19.1%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་559.28ཟིན་པ་དེ་དུས་མཚུངས་ལས་14.1%འཕར་ཡོད་པ་རེད།
     ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2020ལོའི་ཡུལ་སྐོར་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་བོད་ལྗོངས་ཀྱི་རིམ་ཁག་ཡུལ་སྐོར་སྲིད་འཛིན་གཙོ་གཉེར་སྡེ་ཚན་དང་ཡུལ་སྐོར་ཁེ་ལས་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རིམས་ནད་རྗེས་ཀྱི་ཡུལ་སྐོར་ཞབས་ཞུ་མཐོར་གཏོང་ལ་ཁ་གཏད་གཅོག་པ་དང་འགན་ལེན་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། ཡུལ་སྐོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གཙོ་གནད་ཐོག་སྲ་བརྟན་དུ་གཏོང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཡུལ་སྐོར་གྱི་སྤུས་རྟགས་འཛུགས་མགྱོགས་སུ་གཏོང་བ། ཡུལ་སྐོར་གྱི་ལས་རྣམ་གསར་པ་གསར་གཏོད་དང་འཕེལ་རྒྱས་གཏོང་བ། ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་བདེ་འཇགས་ལྡན་པའི་ཡུལ་སྐོར་མཁོ་འདོན་ལ་བརྟེན་ནས་བོད་ལྗོངས་ཀྱི་ཡུལ་སྐོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།
     གཞན་ཡང་། “ལྔ་གཅིག”གུང་གསེང་འཆར་ཉེར་ཡོད་པས། ཚོགས་འདུའི་ཐོག་ད་དུང་གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྒོ་དབྱེའི་ལས་དོན་ཐད་བླང་བྱ་བཏོན་ཡོད་པ་དང་། ས་གནས་ཁག་གིས་རིག་གནས་དང་ཡུལ་སྐོར་པུའུ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། སྔོན་དཔྱད་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ། དོ་དམ་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྒོ་འབྱེད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
འདི་ནི་ཚོགས་འདུའི་ཚོགས་ར་དངོས་ཡིན་པ།
འདི་ནི་ཚོགས་འདུའི་ཚོགས་ར་དངོས་ཡིན་པ།