འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་21ཉིན།

༄༅༎མཚོ་སྔོན་གྱི་དྲག་ཆས་ཉེན་རྟོག་པས་ཁུ་ནུ་རི་གཤམ་དུ་སྦྱོང་བརྡར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་21ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་དམིགས་བསལ་དམག་འཐབ་རུ་མིས་འཐབ་རྩལ་སྦྱོང་བརྡར་བྱེད་པ།
འདི་ནི་དམིགས་བསལ་དམག་འཐབ་རུ་མིས་འཐབ་རྩལ་སྦྱོང་བརྡར་བྱེད་པ།
     2020ལོའི་ཟླ་4ཚེས་16ཉིན། ཁུ་ནུ་རི་གཤམ་དུ་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་ཉིང་ལག་རུ་ཁག་གིས་རྩ་གནད་གསར་པའི་བླང་བྱར་ནན་པོ་གཞིགས་ཏེ། འགན་འཁྲི་དང་ལས་འགན་ལ་དམིགས་ནས་དམིགས་བསལ་དམག་འཐབ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ་ནན་ལ་དཀའ་བའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་པ་རེད། ད་ཐེངས་ཀྱི་སྦྱོང་བརྡར་ནང་མགྱོགས་མྱུར་མེ་མདའ་རྒྱག་པ་དང་། ནགས་རིར་འཛིན་བཟུང་ཚར་གཅོད། གྲམ་ཐང་དུ་བྲོས་འདེད། གཙང་འགྲམ་དུ་རྗེས་འདེད་སོགས་ཀྱི་རིག་ཚན་ཡོད་པ་དང་ས་བབ་མཐོ་བའི་ཁུལ་གྱི་དམིགས་བསལ་དམག་འཐབ་རུ་མིའི་འཇིགས་སྐུལ་ལ་ངོ་རྒོལ་གྱི་དམག་འཐབ་ནུས་པར་ཕྱོགས་ཡོངས་ནས་ཞུན་བརྡར་བྱས་པ་རེད།
འདི་ནི་དམིགས་བསལ་དམག་འཐབ་རུ་མིས་མགྱོགས་མྱུར་འཕྲལ་རྒོལ་བྱེད་པ།
འདི་ནི་དམིགས་བསལ་དམག་འཐབ་རུ་མིས་མགྱོགས་མྱུར་འཕྲལ་རྒོལ་བྱེད་པ།