འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་20ཉིན།

༄༅༎བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དང་དེང་རབས་སྨན་བཅོས་ལག་རྩལ་ཟུང་འབྲེལ་བྱས་པས་གསོན་ཤུགས་གསར་པ་འཕེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་20ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་སྨན་རྩིས་ཁང་གི་རྣམ་པ་གསར་པ་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་སྨན་རྩིས་ཁང་གི་རྣམ་པ་གསར་པ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྤོས་ཀྱི་དྲི་ཞིམ་ལྷང་ལྷང་འཐུལ་བའི་ཁྲོད་འབྲོག་ཁུལ་ནས་ཡིན་པའི་ཚེ་དགའ་ཉལ་ཁྲིའི་ཐོག་ཁ་སྦུབ་སློག་སྟེ་སྟོད་སྒལ་བསྟན་ནས་བསྡད་ཡོད་པ་དང་། སྨན་པས་སྨན་ཐུམ་ནད་པའི་སྟོད་སྒལ་ལ་སྦྱར་ནས་དྲོད་བཅོས་བྱེད་པ་དང་འཕུར་མཉེད་གཏོང་བཞིན་མཆིས། སྨན་ཐུམ་དེའི་ནུས་པ་རིམ་བཞིན་ཐོན་པ་དང་སྦྲགས་ཚེ་དགའི་སྟོད་སྒལ་གྱི་ན་ཟུག་ཀྱང་འཇགས་པ་རེད།
     དེ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྨན་རྩིས་ཁང་གི་ཐ་མལ་ནད་མེད་ཚན་ཁག་གིས“ཧོར་མེ”རྒྱག་པའི་རྣམ་པ་ཡིན་པ་དང་། “དམིགས་བསལ”གྱི་ནད་བཅོས་ཁང་དེ་ནས་གྲུམ་པོ་དང་། དབང་རྩའི་གཉན་ཚད། རླུང་ཁྲག་རྒྱུ་བ་ཞན་པ་སོགས་ཀྱི་ནད་གཞིར་སྨན་བཅོས་བྱེད་ཀྱི་ཡོད།
     “བོད་ཀྱི་གསོ་རིག་གི་ཐ་མལ་ནད་མེད་ཀྱི་སྲོལ་རྒྱུན་རིན་ཐང་དང་དེང་རབས་ལག་རྩལ་མཉམ་འདྲེས་བྱེད་བཞིན་ཡོད”ཅེས་ནད་རྟགས་མིན་པའི་ནད་གཞི་སྨན་བཅོས་ཚན་ཁག་གི་སྨན་པ་དཀའ་བཅུ་པ་མེ་ཏོག་གཡང་འཛིན་གྱིས་དེ་ལྟར་བཤད། ཁོང་གིས་སྔོན་ལ་རྩ་ལྟ་བ་དང་དེ་རྗེས་དེང་རབས་ཀྱི་ཕྱི་ལུགས་གསོ་རིག་གི་གཟུགས་གཞི་བརྟག་དཔྱད་ཡོ་ཆས་སྤྱད་དེ་ནད་གཞིར་ཕྱོགས་བསྡུས་བརྟག་དཔྱད་བྱས་ནས་ནད་པར་ཁྱད་ལྡན་སྨན་བཅོས་དང་ལུས་ཟུངས་གསོ་ཐབས་བྱས་ཏེ་ལུས་ཁམས་བདེ་པོ་ཡོང་བར་བྱེད་ཀྱི་ཡོད་ཅེས་བཤད།
     ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱེད་པའི“ཤར་རླུང”དང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱེད་པའི་གོ་སྐབས་ལ་བརྟེན་ནས་ཡུལ་ཤུལ་ཀྲོའུ་ཡིས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བོད་རིགས་ས་ཁུལ་གྱི་མི་འབོར་རྒན་རྒོན་མང་བ་དང་གཅོང་ནད་ཕོག་པའི་ནད་པ་རིམ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས། དེང་རབས་ལག་རྩལ་ལ་བརྟེན་ནས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་འཕྲོད་སྦྱོར་སྨན་བཅོས་ཁུལ་བཙུགས་པར་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
     སྨན་ལུམས་ཚན་ཁག་ཏུ་སྐྱོད་སྐབས་སྨན་གྱི་དྲི་ཞིམ་གང་ས་ནས་འཐུལ་ཞིང་། སྨན་སྦྱོར་ཁང་དུ་སྨན་བླུག་སྣོད་གྲལ་སྟར་སྒྲིག་པོར་བཞག་ནས་ནད་པ་ཚང་མའི་སྨན་དྲོད་ཚད་ཧྲེ་ཧྲི་ཏུའུ་38ནས་ཧྲེ་ཧྲི་ཏུའུ་45བར་གདུས་ཏེ་སྨན་ཆུ་དག་ནད་ཁང་སོ་སོར་སྐྱེལ་གྱི་ཡོད། མིག་སྔར་སྨན་ལུམས་ཚན་ཁག་གིས་སྤྱོད་པའི་བོད་སྨན་སྣ་ཁ་68ཡོད་པ་དང་ནད་ཁྲི་33ལོ་འཁོར་མོར་ཁེངས་ཏེ་ལོར་སྨན་བཅོས་བྱེད་ཚད་མི་ཐེངས་600ལྷག་ཙམ་ཟིན་གྱི་ཡོད་པ་རེད།
     ཉེ་བའི་ལོ་བཅུའི་རིང་། སྨན་ཁང་གི་བོད་སྨན་སྣ་ཁ་160ནས་260ལྷག་ཙམ་བར་འཕར་བ་དང་ལོར་སྨན་ཏུན་15ལྷག་ཙམ་བཟོ་ཡི་ཡོད། རིན་ཆེན་མང་སྦྱོར་དང་། ནོར་བུ་བསམ་འཕེལ། བྱུ་དམར་ཉེར་ལྔ། སེའུ་འབྲུ་ཉི་འཁྱིལ་སོགས་བྲིན་ཁ་རྒྱུག་པའི་སྨན་གྱི་རྒྱུ་ཆ་དག་ཀྲོའུ་ནང་ཁུལ་གྱི་ས་བབ་མཐོ་ཚད་སྨི་4000ནས་5000ཡན་གྱི་རི་མཐོར་སྐྱེ་ཡི་ཡོད་པ་དང་སྨན་སྦྱོར་བྱེད་སྐབས་དེང་རབས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་པས་སྨན་གྱི་སྤུས་འབོར་དང་ཕན་འབྲས་གཉིས་ཀ་འགན་ལེན་བྱུང་ཡོད་པ་རེད།
     “དེང་རབས་ཅན་གྱི‘མཉམ་འདྲེས’ལ་ཤུགས་སྣོན་རྒྱག་པ་ནི་བོད་ཀྱི་གསོ་བ་རིག་པ་བོད་རིགས་ས་ཁུལ་ནས་ཕྱིར་ཁྱབ་གདལ་གཏོང་བའི་ཐབས་ཤེས་ཤིག་དང་མི་དེ་བས་མང་བར་ཞབས་འདེགས་ཞུ་ཆེད་ཡིན”ཞེས་ཡུལ་ཤུལ་ཀྲོའུ་སྨན་རྩིས་ཁང་གི་ཡོན་ཀྲང་རིག་གསལ་གྱིས་བཤད། ཁོང་གིས་ཡུལ་ཤུལ་ལ་ས་ཡོམ་མ་བརྒྱབ་གོང་ལས་བཟོ་60ལྷག་ཙམ་དང་Bསྒྲ་རླབས་སོགས་སྟབས་བདེའི་ཡོ་ཆས་ལས་མེད་པའི་སྨན་ཁང་ཆུང་ངུ་ཞིག་ནས་ད་ལྟ་ལས་བཟོ་192དང་། CT ཚོན་ཁྲའི་Bརླབས། རང་འགུལ་ཅན་གྱི་སྐྱེ་དངོས་རྫས་འགྱུར་དབྱེ་ཞིབ་ཡོ་ཆས་སོགས་སྔོན་ཐོན་སྨན་བཅོས་སྒྲིག་ཆས་ལྡན་པའི་སྨན་རྩིས་ཁང་གསར་པ་ཞིག་ཏུ་གྱུར་ཡོད་པ་དང་སྨན་ཁང་ལ་འཕེལ་རྒྱས་དེ་འདྲ་བྱུང་བ་དེང་རབས་ཅན་གྱི་འདུ་ཤེས་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་ཀྱི་རོགས་སྐྱོར་ཆེན་པོ་དང་དེ་བས་ཁ་འབྲལ་ཐབས་མེད་ཅེས་བཤད་པ་རེད།
【1】  【2】
འདི་ནི་ཡུལ་ཤུལ་སྨན་རྩིས་ཁང་གི་མཆིན་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་བཀྲ་ཤིས་དཔལ་འབར(གཡོན)གྱིས་ནད་པར་རྩ་ལྟ་བཞིན་པ།
འདི་ནི་ཡུལ་ཤུལ་སྨན་རྩིས་ཁང་གི་མཆིན་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་བཀྲ་ཤིས་དཔལ་འབར(གཡོན)གྱིས་ནད་པར་རྩ་ལྟ་བཞིན་པ།