འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་20ཉིན།

༄༅།།སྡེ་ཚན་གཉིས་ཀྱིས་ཡུན་ནན་ལ་ཛ་དྲག་ངང་སྒོར་དུང་ཕྱུར་1བཏང་བ།

ཐན་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་20ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས་17ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཡུན་ནན་ཞིང་ཆེན་ལ་ཀྲུང་དབྱང་གི་འབྲུབ་འགོག་ཐན་འགོག་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1ཛ་དྲག་ངང་བཏང་ཞིང་། གཙོ་བོར་གེགས་བར་བྱུང་བའི་ས་ཁུལ་གྱི་ཐན་འགོག་གེགས་སེལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་པ་རེད།
    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཐན་པ་དང་གེགས་བར་གྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་ཐན་སྐྱོན་གནས་ཚུལ་ལ་ཞིབ་བཤེར་བྱེད་པར་བཏང་བ་དང་ས་གནས་ལ་ཐན་འགོག་གེགས་སེལ་ཡག་པོ་བྱ་ཆེད་མཛུབ་ཁྲིད་དང་གཞོགས་འདེགས་ཀྱང་བྱས་ཡོད་ཅིང་། མིག་སྔར། ཐན་སྐྱོན་བྱུང་སའི་ས་གནས་ཁག་གི་ཐན་འགོག་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
    དེ་ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་ལ་ཀྲུང་དབྱང་གི་འབྲུབ་འགོག་ཐན་འགོག་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་0.3བཏང་ནས་ས་གནས་ལ་འབྲུབ་ཆུའི་ཉེན་ཁ་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་སྒྲུབ་པའི་ཐད་རྒྱབ་སྐྱོར་བྱས་པ་རེད།