མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་
ནས་ལོ་ངོ་40འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་20ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ་40སོང་རིང་། ཀྲུང་ཙམ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཉམས་སད་ཐེག་ཡོད། ང་དང་ཙུང་ཐུང་མུའུ་ནན་ཅན་ཀུ་ཝ་དབར་ཀྲུང་ཙམ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཀྲུང་ཙམ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཙུང་ཐུང་མུའུ་ནན་ཅན་ཀུ་ཝ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་གོ་སྐབས་སུ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་ཙམ་པབ་ཝེའི“2030ལོའི་འདུན་ལྗོངས”མངོན་འགྱུར་བྱ་རྒྱུ་དང་འབྲེལ་མཐུད་དམ་ཟབ་བྱས་ནས། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་དེ་བས་ནུས་ལྡན་གྱི་སྒོ་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཙམ་པམ་ཝེ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
    མུའུ་ནན་ཅ་ཀུ་ཝ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། འདས་ཟིན་པའི་ལོ་ངོ་40ཕྱིར་མིག་ལྟ་སྐབས། ལྷག་བསམ་ཟོལ་མེད་དང་། མཐུན་སྒྲིལ། གཉིས་ཕན། ཕན་ཚུན་ཡིད་ཆེས་བཅས་ནི་ཙམ་པབ་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྤུན་ཟླའི་བརྩེ་སེམས་དང་ཆུ་ཚད་མཐོ་བའི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཙམ་པབ་ཝེས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཧུར་ཐག་ཞུགས་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་ཚོད་བགམ་གྱི་མདུན་དུ་ཙམ་པབ་ཝེས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་བཟོས་པའི་ཤུགས་རྐྱེན་ལ་མཉམ་དུ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་གསུངས་པ་རེད། 

  
style="display:none;"