འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་14ཉིན།

༄༅༎འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་བརྟན་པོ་ཡོང་བར་འབད་བརྩོན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་14ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་བརྟན་པོ་ཡོང་བར་འབད་བརྩོན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ད་ལོར་འཕྱོངས་རྒྱས་རྫོང་གིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་བརྟན་པོ་ཡོང་བར་འབད་བརྩོན་བྱས། “ཤ་ཚལ་སྒོང་གསུམ”རྟེན་གཞི་ནི་འཕྱོངས་རྒྱས་རྫོང་གི་2019ལོར་ལས་མཇུག་འགྲིལ་བའི་དམངས་འཚོའི་འདུ་འགོད་ཅིག་ཡིན་པ་དང་རྟེན་གཞིར་ཉི་འོད་དྲོད་ཁང་ཆེན་པོ་348དང་། མྱུག་གསོ་དྲོད་ཁང་10 རིག་ནུས་དྲོད་ཁང་1བཅས་ཡོད་པས་ས་གནས་དེ་གའི་མང་ཚོགས་40ལས་ཞུགས་ཐུབ་ཡོད།
     འདི་ནི་འཕྱོངས་རྒྱས་རྫོང་ཐང་པོ་ཆེ་གྲོང་ཚོའི་གྲོང་མི་དབྱངས་ཅན་(གཡོན)དང་པ་སངས་གཉིས་རྟེན་གཞིའི་དྲོད་ཁང་ཆེན་པོའི་ནང་ལས་ཀ་བྱེད་བཞིན་པའི་རྣམ་པ་ཡིན།