འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་14ཉིན།

༄༅༎སྒལ་རུས་ལ་རྨས་སྐྱོན་ཕོག་མཁན་གྱི“རེ་བའི་ཁྱིམ་གཞིས”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་14ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི“རེ་བའི་ཁྱིམ་གཞིས”སུ་ཡོད་པའི་ཁེ་ལེ་ཕུན་ཚོགས་དབང་རྒྱལ་ཡིན་པ།
འདི་ནི“རེ་བའི་ཁྱིམ་གཞིས”སུ་ཡོད་པའི་ཁེ་ལེ་ཕུན་ཚོགས་དབང་རྒྱལ་ཡིན་པ།
     ལོ་31ལ་སླེབས་པའི་ཁེ་ལེ་ཕུན་ཚོགས་དབང་རྒྱལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན་གྱི“རེ་བའི་ཁྱིམ་གཞིས”གསར་གཏོད་བྱེད་མཁན་རེད། 2011ལོར་ཕུན་ཚོགས་དབང་རྒྱལ་རླངས་འཁོར་གྱི་ལས་འཛོལ་གྱིས་རྐྱེན་པས་སྒལ་རུས་ལ་རྨས་སྐྱོན་ཕོག་པ་རེད། རླངས་འཁོར་གྱི་ལས་འཛོལ་དེ་ལས་ཁོང་ལ་གཟུགས་པོ་དང་བསམ་བློ་གཉིས་ཀར་ཚོད་བགམ་ཆེན་པོ་ཞིག་ཐེག་པའི་ཚོར་བ་ཟབ་མོ་བྱུང་ཡོད།
     “རང་ཉིད་དང་འདྲ་བའི་མི”དེ་བས་མང་བ་སྡུག་བསྔལ་གྱི་གནས་ལས་སྒྲོལ་ཆེད། 2014ལོར་ཕུན་ཚོགས་དབང་རྒྱལ་གྱིས་ནང་མི་དང་གྲོགས་པོའི་རྒྱབ་སྐྱོར་འོག་ཡུལ་ཤུལ་གྱི་ས་ཡོམ་སྐབས་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན་འཚོལ་འགོ་ཚུགས་པ་དང་འབྲེལ། ཕ་ཡུལ་ཡུལ་ཤུལ་དུ་སྤྱི་ཕན་ཚོགས་པ་བཙུགས་པ་རེད། 2018ལོར་ཕུན་ཚོགས་དབང་རྒྱལ་གྱིས་ཡུལ་ཤུལ་གྱི་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན“རེ་བའི་ཁྱིམ་གཞིས”བཙུགས་པ་དང་། དེ་གར་རྨས་སྐྱོན་ཕོག་མཁན་ཚོས་བོད་བཟོའི་ལག་ཤེས་བཟོ་རྩལ་དང་། ཕྱི་ལུགས་ཀྱི་ཁ་ལག་བཟོ་སྟངས། ཀོག་ཧྥེ་བཟོ་སྟངས་སོགས་སྦྱངས་པ་རེད།
     ཕུན་ཚོགས་དབང་རྒྱལ་གྱིས་“ང་ཚོས་ད་དུང་རང་ཉིད་ཀྱི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་དང་ཞབས་བྲོའི་རུ་ཁག་བཙུགས་ནས་མཉམ་དུ་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་སྒལ་རུས་ལ་གནོད་འཚེ་ཕོག་མཁན་གྱིས་མི་ཚེར་ལྟ་སྟངས་ཡག་པོ་འཛིན་རྒྱུར་རོཌ་རམ་བྱེད་པ་ནི་ངའི་བསམ་འདུན་ཡིན”ཞེས་བཤད།
     ལོ་དེ་དག་རིང་ཕུན་ཚོགས་དབང་རྒྱལ་གྱིས་ཡུལ་ཤུལ་གྱི་ཤང་དང་གྲོང་རྡལ་དང་འབྲོག་རར་ཐེངས་མང་བསྐྱོད་དེ་རོགས་རམ་བྱེད་དགོས་པའི་མི་འཚོལ་གྱི་ཡོད། མིག་སྔར་སྒལ་རུས་ལ་རྨས་སྐྱོན་ཕོག་པའི་མི་30ལྷག་ཙམ“རེ་བའི་ཁྱིམ་གཞིས”སུ་རྩལ་ནུས་གསོ་སྦྱོང་ལ་ཞུགས་བཞིན་ཡོད། “རེ་བའི་ཁྱིམ་གཞིས”ཀྱིས་སྒལ་རུས་ལ་རྨས་སྐྱོན་ཕོག་མཁན་གྱི་ཡོང་འབབ་མང་དུ་བཏང་བ་མ་ཟད། ཁོ་ཚོས་འབད་བརྩོན་ལྷོད་མེད་ངང་རྒྱུན་གཏན་ལྟར་འཚོ་བ་སྐྱེལ་བའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད།
【1】  【2】
འདི་ནི་ཕི་ས་བག་ལེབ་བཟོ་མཁན་རྒན་ལགས(གཡོན་གྱི་དང་པོ)ཀྱིས“རེ་བའི་ཁྱིམ་གཞིས”ཀྱི་ཁོངས་མིར་ཕི་ས་བག་ལེབ་བཟོ་སྟངས་སློབ་བཞིན་པ།
འདི་ནི་ཕི་ས་བག་ལེབ་བཟོ་མཁན་རྒན་ལགས(གཡོན་གྱི་དང་པོ)ཀྱིས“རེ་བའི་ཁྱིམ་གཞིས”ཀྱི་ཁོངས་མིར་ཕི་ས་བག་ལེབ་བཟོ་སྟངས་སློབ་བཞིན་པ།