འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ དངོས་ཡོད་ཀྱི་དོན་སྙིང་དེ་བས་ལྡན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད་པ་རེད། འགོ་ཁྱབ་ཆེ་བའི་ནད་ཡམས་འདི་རིགས་ལ་ཕྱོགས་སྐབས། རྒྱལ་སྤྱི་མཉམ་ལས་དེ་བས་གལ་ཆེ་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དགོས་གཏུགས་རང་བཞིན་དང་གལ་ཆེའི་རང་བཞིན་མངོན་གྱི་ཡོད། ཉེ་ཆར་འཚོགས་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ལག་གདང་སྦྲེལ་ཏེ་རིམས་ནད་སྔོན་འགོག་བྱེད་པ་དང་གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པའི་ཐད་གྲོས་འགོ་ཁག་བཞི་བཏོན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཕུགས་འདུན་དེར་ཕུན་སུམ་ཚོགས་ལ་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་བྱས་ཡོད།
     ཀྲུང་གོས་ཡོངས་བསྒྲགས་དང་། ཁ་གསལ། འགན་ཁུར་བ་བཅས་ཀྱི་རྣམ་འགྱུར་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་མཉམ་ལས་ལ་ཧུར་ཐག་ཞུགས་ཡོད་པ་རེད། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་སྦ་གསང་སྤུ་ཙམ་མེད་པར་འཛམ་གླིང་ཡོངས་དང་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་རོགས་རམ་དགོས་ངེས་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་སྨན་བཅོས་རིགས་གཅིག་མཁས་ཅན་དང་རིམས་འགོག་དངོས་རྫས་སོགས་རོགས་སྐྱོར་ཡང་བྱས་པ་རེད། ཀྲུང་གོས་སྤྱད་པའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནན་པོས་རྒྱལ་ཁབ་གཞན་ལ་དཔྱད་གཞི་ནུས་ལྡན་མཁོ་འདོན་ཐུབ་ཡོད།
     ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་འདྲ་བའི་ཆ་མང་པོ་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་འགོ་ཁྲིད་ཀྱི་ནུས་པ་སྟོབས་ཆེན་ལྡན་ཡོད་པས་ཏང་ཀྲུང་དབྱང་ནས་ས་གནས་ཀྱི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྒྲིག་གཞི་བཅས་བར་ཚང་མས་བྱེད་ཐབས་ཞིབ་ཕྲ་དེ་དག་དོན་འཁྱོལ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་ལ་གོང་གིས་འོག་ལ་སྣེ་འཁྲིད་པའི་དཔེ་སྟོན་ནུས་པ་ལྡན་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས་རྒྱལ་ཁབ་ཧྲིལ་པོར་སྐུལ་ལྕག་ཐེབས་ཡོད། དེ་དང་འདྲ་བར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་སྡེ་དབུལ་པོ་བཅུ་ལྷག་ཙམ་ལ་འཚམས་འདྲི་གནང་ནས“མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པར་བྱེད་པ་་ནི་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལ་ཁས་བླངས་པ་ཞིག་རེད་ལ། ངས་སེམས་ཁྲལ་ཆེ་ཤོས་བྱེད་པ་དང་ནུས་ཤུགས་ཆེ་ཤོས་འདོན་པའི་དོན་དག་ཅིག་ཀྱང་རེད”ཅེས་པ་ལས། རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་ཀྱིས་མི་དམངས་ལ་ཁས་ལེན་གནང་བ་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་སྤྱིར་བཏང་མ་ཡིན་པའི་སྐུལ་སློང་བྱེད་ནུས་ལྡན་ཡོད། རིམས་ནད་ཐོན་རིང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཧུའུ་པེ་སོགས་ས་ཆར་ཁ་གཏད་རོགས་སྐྱོར་བྱས་པ་དང་མི་དམངས་དམག་དཔུང་གིས་འཕྲལ་མར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཝུའུ་ཧན་ལ་རོགས་སྐྱོར་བྱས་པ་རེད། འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་རིམ་བཞིན་ཀྲུང་གོས་གོང་འོག་སེམས་པ་གཅིག་མཐུན་གྱིས་རྒྱལ་ཡོངས་ཀྱི་མི་ཤུགས་དང་དངོས་ཤུགས་སྐུལ་སློང་བྱས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དེར་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད།
     ཀྲུང་གོས་ཀྱང་ད་རེས་ཀྱི་སྤྱི་པའི་འཕྲོད་བསྟེན་ཐོལ་བྱུང་གི་དོན་རྐྱེན་ཆེན་པོ་དེ་ནས་བསླབ་བྱ་ལེན་རྒྱུ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ཀྱི་རིམས་ནད་ལས་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས་མགྱོགས་མྱུར་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་སོགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཐོན་པའི་གནད་དོན་ནས་བསླབ་བྱ་ལེན་པའི་རང་སྐྱོན་རང་བརྟག་གི་འདུ་ཤེས་ཀྱིས་ཀྲུང་གོས་འགོ་ནད་སྔོན་འགོག་དང་། ཚོད་འཛིན། སྨན་བཅོས་བཅས་བྱེད་པའི་འཛམ་གླིང་གི་ཚད་གཞི་མཐོ་རུ་གཏོང་བ་དང་བཟོ་བར་འགན་ལེན་བྱས་པ་རེད་ཅེས་གསུངས་པ་རེད།