འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།ཅི་ལིན་ཞིང་ཆེན་གྱི་རྫོང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲང་ཁྲུན་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྫོང(གྲོང་ཁྱེར་དང་ཆུས)དབུལ་པོ་9དབུལ་སྒྲོལ་ཐུབ་པའི་སྐོར་གྱི་སྤྱི་བསྒྲགས་ཤིག་སྤེལ་ཞིང་། དེ་ནས་བཟུང་ཅི་ལིན་ཞིང་ཆེན་ཁོངས་ཀྱི་རྫོང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་རེད།
    ད་རེས་དབུལ་སྒྲོལ་ཐུབ་པའི་རྫོང(གྲོང་ཁྱེར་དང་ཆུས)9ནི་ཅིང་ཡུས་རྫོང་དང་། ཏཱ་ཨན་རྫོང་། ཐུང་ཡུས་རྫོང་། ཨན་ཐུའུ་རྫོང་། ཝང་ཆིང་རྫོང་བཅས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་5དང་། ཧྲོང་ལིའོ་གྲོང་ཁྱེར་དང་། ལིའུ་ཧོ་རྫོང་། ཁྲང་ལིང་རྫོང་། པའེ་ཁྲེང་གྲོང་ཁྱེར་ཐའོ་པེ་ཆུས་བཅས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྫོང(གྲོང་ཁྱེར་དང་ཆུས)དབུལ་པོ་4བཅས་ཡིན་པ་རེད།
   ཀྲུང་དབྱང་དང་ཅི་ལིན་ཞིང་ཆེན་གྱི་འབྲེལ་ཡོད་སྲིད་ཇུས་ནང་གཏན་འཁེལ་བྱས་པའི་རྫོང་དབུལ་པོ་དབུལ་ཁོངས་ནས་ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ལྟར། རྫོང(གྲོང་ཁྱེར་དང་ཆུས)9སྔ་རྗེས་སུ་རྫོང་རིམ་པའི་རེ་ཞུ་དང་། གྲོང་ཁྱེར་རིམ་པའི་ཐོག་མའི་ཞིབ་དཔྱད་གཏན་འབེབས། ཞིང་ཆེན་རིམ་པའི་ས་གནས་དངོས་ཀྱི་ཞིབ་དཔྱད་བསྡུར་བཤེར། ཕྱོགས་གསུམ་པའི་དཔྱད་དཔོག་བཅས་བྱས་པ་རེད།
    དཔྱད་དཔོག་བྱས་པ་བརྒྱུད། རྫོང(གྲོང་ཁྱེར་དང་ཆུས)9ཚང་མའི་ཕྱོགས་བསྡུས་དབུལ་ཕོངས་ཐོན་ཚད་0.34%ལས་དམའ་བ་དེ་2%ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཧ་ཅང་དམའ་བ་དང་། མི་འབོར་དབུལ་པོ་དཔྱད་བསྡུར་བྱ་རྒྱུར་ལུས་ཚད་དང་དབུལ་ཁོངས་ནས་ཕྱིར་འཐེན་བྱེད་ནོར་ཤོར་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཧ་ཅང་དམའ་བ། མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་96%ཡན་ཟིན་པ་དེ་90%ཡི་རྒྱལ་ཁབ་ཀྱི་བླང་བྱ་ལས་བརྒལ་ཡོད་པས། རྫོང་དབུལ་པོ་9ཚང་མ་དབུལ་ཁོངས་ནས་ཕྱིར་འཐེན་བྱེད་པའི་ཚད་གཞི་ལོན་ཡོད་པ་རེད།
    ཅི་ལིན་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་མུ་མཐུད་ཤུགས་བརྒྱབ་པས། 2013ལོ་ནས་ན་ནིང་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དབུལ་པོ་1489དང་མང་ཚོགས་དབུལ་པོ་ཁྲི་191དབུལ་སྒྲོལ་ཐུབ་ནས་དབུལ་ཕོངས་ཐོན་ཚད་13.4%ནས་0.07%བར་ཆག་ཡོད་པ་རེད།