འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།པེ་ཅིང་གི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱེད་ཚད་99.9%ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་11ཉིན་འཚོགས་པའི་པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་སུའུ་ཧྥང་གིས་པེ་ཅིང་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་དང་ཁེ་ལས་3010ཡོད་པའི་ཁྲོད་ནས་3007ལས་འགོ་བསྐྱར་འཛུགས་བྱས་ཏེ་ལས་འགོ་བསྐྱར་འཛུགས་བྱེད་ཚད་99.9%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    ལི་སུའུ་ཧྥང་གིས། ཟླ་4ཚེས་10ཉིན་བར། པེ་ཅིང་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པ་ཡན་གྱི་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་2130ལས་འགོ་བསྐྱར་འཛུགས་བྱེད་ཚད་100%ཟིན་པ་དང་ཚོང་དོན་ཐོག་བརྩེགས་ཁང་ཆེན་4408ཡོད་པ་ནས་4201ལས་འགོ་བསྐྱར་འཛུགས་ཟིན་ཏེ་ལས་འགོ་བསྐྱར་འཛུགས་བྱེད་ཚད་95.3%ཟིན་ཡོད་ཅེས་བརྗོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གིས་གནད་སྨིན་དབུལ་སྐྱོར་བརྒྱུད་ཁེ་ལས་ཀྱི་མི་སྤྱོད་དང་། ཐོན་ལས་འཁོར་འབྲེལ་མཐུན་སྦྱོར། མ་དངུལ་མཉམ་འདུ་བཅས་ཀྱི་དཀའ་གནད་ཆེན་པོ་གསུམ་ཐག་གཅོད་བྱ་རྒྱུར་གཙོ་གནད་དུ་སྐུལ་མ་བཏང་བ་རེད། མི་སྤྱོད་ཐད་ལས་གནས་སུ་ཕྱིར་ལོག་གི་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་བཙུགས་པ་མ་ཟད། ཧོ་པེ་དང་། ཧོ་ནན། ཧྲན་ཏུང་སོགས་ངལ་ནུས་ཕྱིར་གཏོང་གི་ཞིང་ཆེན་དང་གྲོང་ཁྱེར་14དང་སྦྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ཏེ། “གནས་དང་གནས”ཀྱི་བྱ་ཐབས་ལ་གཞིགས་ནས་པེ་ཅིང་དུ་ལོག་མཁན་མི་ཁྲི་100སྦྲེལ་མཐུད་ཐུབ་པ་བྱས་ཡོད། ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་ཐད་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ལེ་ལག་ཚང་བའི་ཁེ་ལས་དང་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གྲོས་མོལ་ལམ་ལུགས་དང་བྱ་ཐབས་བཟོས་ཏེ་པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།