འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་12ཉིན།

༄༅༎བོད་ཀྱིས་ནེ་པ་ལར་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ལྷ་ས་ནས་རྩིས་སྤྲོད་རྩིས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་12ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ཀྱིས་ནེ་པ་ལར་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ལྷ་ས་ནས་རྩིས་སྤྲོད་རྩིས་ལེན་བྱས་པ།
     ཟླ་4ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནེ་པ་ལ་སྲིད་གཞུང་ལ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྨན་བཅོས་དངོས་ཟོག་ཞལ་འདེབས་རྒྱག་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་པད་མ་གཡང་འཛོམས་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གི་འགན་འཁུར་བ། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁའར་ཅི། ལྷ་སར་ཡོད་པའི་ནེ་པ་ལའི་འཐུས་མི་སོགས་རྩིས་སྤྲོད་རྩིས་ལེན་མཛད་སྒོར་ཞུགས་པ་རེད། ཐེངས་འདིར་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ནང་ཏོག་གསར་གློ་ཚད་བརྟག་དཔྱད་ཡོ་ཆས་དང་། N95རྟགས་ཅན་གྱི་ཁ་རས། ཚ་བ་ལྟ་ཆས་སོགས་ནེ་པ་ལར་འཕྲལ་མཁོ་ཆེ་བའི་རིམས་རྒོལ་དངོས་ཟོག་ཁག་ཅིག་ཚུད་ཡོད་པ་རེད།