མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་ཤིན་ཁྲེང་སྡེ་ཁུལ་གྱི་སྡེ་ཁུལ་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རིམས་ནད་
སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ཏེ། 
སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེཌ་ཞུ་དགོས་པའི་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་11ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

                                                                                                       འཕྲིན་ལན།
ཝུའུ་ཧན་ཏུང་ཧུའུ་ཤིན་ཁྲེང་སྡེ་ཁུལ་གྱི་སྡེ་ཁུལ་ལས་དོན་པ་ཡོངས་ལ།
     ཁྱེད་ཚོ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ང་ཝུའུ་ཧན་ནས་ལོག་རྗེས། ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཁྱེད་ཚོའི་སྡེ་ཁུལ་ཚུད་པའི་ཝུའུ་ཧན་གྱི་སྡེ་ཁུལ་ཁག་གི་འཚོ་བ་རིམ་པས་རྒྱུན་གཏན་ལྟར་སླར་གསོ་ཡོང་བཞིན་ཡོད་པས། ང་ཧ་ཅང་དགའ་པོ་བྱུང་།
     སྔར་བྱུང་མྱོང་མེད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་འདིའི་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཞུགས་མཁན་ཕྱོགས་ཁག་གི་མི་སྣ་དང་མཉམ་དུ་ཉེན་ཁར་མི་འཛེམས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་དང་། ལྷག་དོན་དུ་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་མདུན་དུ་ཤོར་ནས་རིམས་འགོག་ལས་དོན་ཧུར་ཐག་བསྒྲུབས་པ་བརྒྱུད། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེན་པོ་ཆགས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་རླབས་ཆེན་སྟོབས་ཤུགས་གང་ལེགས་མངོན་ཡོད་པས། ངས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     ད་ཆ་ཝུའུ་ཧན་དུ་ཝུའུ་ཧན་དང་ཧུའུ་པེ་ནས་བྲལ་བའི་བགྲོད་ལམ་ཚོད་འཛིན་དོ་དམ་བྱ་ཐབས་སྤྱོད་མཚམས་བཞག་ཡོད་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལ་ལྷོད་གཡེང་གཏོང་རྒྱུ་མེད། སྡེ་ཁུལ་ནི་སྔར་བཞིན་རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་། ནང་དུ་བསྐྱར་ལོག་སྔོན་འགོག་གི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་པ་དང་། དེའི་འགག་རྩ་ནི་དུས་བབ་གསར་པའི་འོག་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་རེད། ཁྱེད་ཚོས་དམག་འཐབ་བསྟུད་མར་རྒྱག་པའི་སྤྱོད་ཚུལ་དར་སྤེལ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
                                                                                                                                                                                    ཞི་ཅིན་ཕིང་།
                                                                                                                                                                       2020ལོའི་ཟླ་4ཚེས་8ཉིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་ཤིན་ཁྲེང་སྡེ་ཁུལ་གྱི་སྡེ་ཁུལ་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པས་ནུས་པ་གལ་ཆེན་བཏོན་པར་སླར་ཡང་ཁས་ལེན་གནང་བ་དང་། ཁོང་ཚོར་འཕྲིན་ལན་སྤྲིངས་ནས་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཁོང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་སླར་ཡང་བྱས་རྗེས་འཇོག་རྒྱུའི་སྐུལ་ལྕག་གནང་བ་རེད།
     འཕྲིན་ལན་ནང་། ཞི་ཅིན་ཕིང་གིས། ང་ཝུའུ་ཧན་ནས་ལོག་རྗེས། ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཁྱེད་ཚོའི་སྡེ་ཁུལ་ཚུད་པའི་ཝུའུ་ཧན་གྱི་སྡེ་ཁུལ་ཁག་གི་འཚོ་བ་རིམ་གྱིས་རྒྱུན་གཏན་ལྟར་སླར་གསོ་ཡོང་བཞིན་ཡོད་པས། ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས། སྔར་བྱུང་མྱོང་མེད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་འདིའི་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཞུགས་མཁན་ཕྱོགས་ཁག་གི་མི་སྣ་དང་མཉམ་དུ་ཉེན་ཁར་མི་འཛེམས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་དང་། ལྷག་དོན་དུ་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མིག་དཔེ་གཞན་སྟོན་དང་མདུན་དུ་ཤོར་ནས་རིམས་འགོག་ལས་དོན་ཧུར་ཐག་བསྒྲུབས་པ་བརྒྱུད། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེན་པོ་ཆགས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་གི་རླབས་ཆེན་སྟོབས་ཤུགས་གང་ལེགས་མངོན་ཡོད་ཅེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ད་ཆ་ཝུའུ་ཧན་དུ་ཝུའུ་ཧན་དང་ཧུའུ་པེ་ནས་བྲལ་སའི་བགྲོད་ལམ་ཚོད་འཛིན་དོ་དམ་བྱ་ཐབས་སྤྱོད་མཚམས་བཞག་ཡོད་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལ་ལྷོད་གཡེང་གཏོང་རྒྱུ་མེད། སྡེ་ཁུལ་ནི་སྔར་བཞིན་རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་། ནང་དུ་བསྐྱར་ལོག་སྔོན་འགོག་གི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་པ་དང་། དེའི་འགག་རྩ་ནི་དུས་བབ་གསར་པའི་འོག་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་རེད། ཁྱེད་ཚོས་དམག་འཐབ་བསྟུད་མར་རྒྱག་པའི་སྤྱོད་ཚུལ་དར་སྤེལ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་པ་དང་། སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     སྡེ་ཁུལ་ནི་སྔར་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་ཆེས་མདུན་མ་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱལ་ཡོངས་ཀྱི་སྡེ་ཁུལ་ལས་དོན་པ་ཁྲི་400ལྷག་ཙམ་གྱིས་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཁྲི་65རུ་རིམས་ནད་ལྟ་ཞིབ་ཚད་ལེན་དང་། འཛུལ་དོན་དོ་དམ། དྲིལ་བསྒྲགས་སློབ་གསོ། ཁོར་ཡུག་བཅོས་སྒྲིག དཀའ་སེལ་རོགས་སྐྱོར་སོགས་ཀྱི་ལས་དོན་བསྒྲུབས་ནས་རིམས་ནད་མཆེད་རྒྱུ་འགོག་པ་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་སྡེ་ཁུལ་གྱི་ལས་དོན་པར་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་ཨན་ཧྭ་ལི་སྡེ་ཁུལ་དང་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་དུ་རྟོག་ཞིབ་དང་འཚམས་འདྲི་གནང་བ་རེད། ཉེ་ཆར། ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་ལུགས་དང་དེ་བཞིན་འཐབ་ས་མུ་མཐུད་བརྟན་པོ་བསྲུངས་ནས་འགན་འཁྲི་ཡག་པོ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད། 

  
style="display:none;"