འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་12ཉིན།

༄༅༎ཧུའུ་པེའི་ཧོ་ཧྥུང་རྫོང་གིས་དྲ་ཐོག་ནས་ཐད་གཏོང་གིས་ཇ་ལོ་ཁྲོམ་རར་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་11ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཧུའུ་པེ་ཞིང་ཆེན་ཧོ་ཧྥུང་རྫོང་གི་མུའུ་ཁྲི་40ཟིན་པའི་སྣོད་བཅུད་ཇ་ཞིང་གི་ཇ་ལོ་ཕྱིར་ཚོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ས་གནས་དེ་གའི་ཇའི་ཁེ་ལས་མང་པོས་དྲ་ཐོག་ཚོང་དོན་ལས་སྟེགས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། ཐད་གཏོང་ཐོག་ནས་འཛད་སྤྱོད་པར་ཇ་ལོ་འཐུ་བ་ནས་ཐོན་སྐྱེད་སྒྲིག་བཟོ་བར་གྱི་བརྒྱུད་རིམ་ཧྲིལ་པོ་མངོན་སུམ་དུ་བསྟན་པ་དང་། ཇ་ལོ་རི་ཁུལ་ནས་ཁྲོམ་རར་བཏོན་ཏེ་ཇ་ལས་གཉེར་མཁན་ཞིང་པར་དབུལ་སྒྲོལ་འབབ་འཕར་གཏོད་རོགས་བྱས་ཡོད། འདི་ནི་ཟླ་4ཚེས་9ཉིན་ཧོ་ཧྥུང་རྫོང་གི་ཤིན་ནུང་ཇ་ལས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཐེན་ཡུས་མིའོ་ཡིས་ཇ་རིའི་མཛེས་ལྗོངས་ཐད་གཏོང་བྱེད་བཞིན་པ།