འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་12ཉིན།

༄༅༎བློ་མཐུན་བློ་བཟང་ཐུབ་བསྟན་སྐུ་གཤེགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་དེ་སྔའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁང་གི་ཀྲུའུ་རེན(ཐིང་རིམ་པ་གཞོན་པ)བློ་མཐུན་བློ་བཟང་ཐུབ་བསྟན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2020ལོའི་ཟླ་4ཚེས་7ཉིན་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་71ཡིན་པ་རེད།  
    བློ་མཐུན་བློ་བཟང་ཐུབ་བསྟན་ནི་བོད་ལྗོངས་དཔའ་ཤོད་རྫོང་ནས་ཡིན་པ་དང་། 1965ལོའི་ཟླ་4པར་ལས་ཀར་ཞུགས། 1975ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུའུ་ཀྲང་། གོ་འཇོ་རྫོང་ཨུད་ཀྱི་ཧྲུའུ་ཅི། མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོ་ས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁང་དང་པོའི་ཀྲུའུ་རེན(ཁྲུའུ་རིམ་པ་རྒན་པ)སོགས་ཀྱི་གོ་གནས་འཁུར་མྱོང་ཡོད། 2003ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁང་དང་པོའི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། 2003ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་(ལྟ་ཞིབ་ཐིང་)གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁང་གི་ཀྲུའུ་རེན(ཐིང་རིམ་པ་གཞོན་པ)གྱི་འགན་བཞེས། 2010ལོའི་ཟླ་10པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལས་འཁྱུར་ངལ་གསོ་བྱས་པ་རེད།