འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་10ཉིན།

༄༅།།དབྱི་ཐ་ལིར་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་14ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དབྱི་ཐ་ལིར་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་14ལས་བརྒལ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོང་སྡེ་ཚན་གྱི་འགན་འཁུར་མི་སྣ། ཏོག་གསར་ནད་དུག་བབ་བསྟུན་ཨུ་ཡོན་ལྷན་ཁང་གི་ཆེད་མི་པའོ་ལེ་ལི་ཡིས་། ཉིན་དེའི་ཆུ་ཚོད་18བར། དབྱི་ཐ་ལིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་143626བར་འཕར་ཡོད་པ་དང་། ཉིན་གོང་མ་ལས་ནད་དཔེ་4204མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད། 
    པའོ་ལེ་ལིས་ཉིན་དེའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  དབྱི་ཐ་ལིར་ཚེ་འདས་ནད་དཔེ་18279བར་འཕར་ཡོད་པ་དང་། དེའི་ནང་སྨན་པ་105ཡིས་གཞུང་དོན་དུ་རང་སྲོག་བློས་གཏོང་བྱས་ཡོད་། དྲག་སྐྱེད་བྱུང་བའི་ནད་དཔེ་28470བར་འཕར་བ་དང་། ཚེ་འདས་ནད་དཔེ་དང་དྲག་སྐྱེད་བྱུང་བའི་ནད་དཔེ་ཉིན་གོང་མ་ལས་ནད་དཔེ་610དང་ནད་དཔེ་1979སོ་སོར་འཕར་ཡོད། རིམས་ནད་ཚབས་ཆེ་བའི་བྱང་རྒྱུད་ལུན་པ་ཏི་ཁུལ་ཆེན་དུ། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་ཁྲི་1ལས་བརྒལ་ནས་ནད་དཔེ་10022བར་འཕར་ཡོད།
    རིམས་ནད་དེ་བས་མཆེད་རྒྱུ་ཚོད་འཛིན་བྱ་ཆེད། དབྱི་ཐ་ལིས་ཟླ་3ཚེས་10ཉིན་ནས་བཟུང་། རྒྱལ་ཡོངས་“གྲོང་ཁྱེར་བཀག་སྡོམ་”གྱི་རྣམ་པ་བཟོས་པ་མ་ཟད། ཟླ་3ཚེས་12ཉིན་ནས་བཟུང་རྒྱལ་ཡོངས་སུ་བཟའ་རིགས་ཚོང་ཁང་དང་སྨན་རྫས་ཚོང་ཁང་ཕུད་གཞན་ཚོང་ཁང་ཚང་མ་སྒོ་བརྒྱབ་པ་དང་། ཟླ་3ཚེས་21ཉིན་ནས་བཟུང་སྤྱི་གླིང་དང་མི་མང་འདུ་འཛོམས་བྱ་ཡུལ་གཞན་ཚང་མ་སྒོ་བརྒྱབ་པ་རེད། དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་ཡིས་ཟླ་4ཚེས་1ཉིན་“གྲོང་ཁྱེར་བཀག་སྡོམ་”མཇུག་སྒྲིལ་བའི་དུས་ཚོད་དེ་ཟླ་4ཚེས་3ཉིན་ནས་ཟླ་4ཚེས་13ཉིན་བར་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།