འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་10ཉིན།

༄༅༎ཏོག་གསར་གློ་ཚད་རིམས་ནད་ཁྲོད་ཀྱི་མོ་ཞི་ཁོའི “ཁྲོམ་གཞུང་སྲུང་མཁན”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་ལྟར་དཔྱིད་ཀ་ལོ་47ལ་སླེབས་པའི་ཚོང་པ་ཉི་ཚེ་བ་མ་ལི་ཝེར་གྱིས་ཡུལ་སྐོར་བ་ཡོང་རྒྱུ་སྒུག་ནས་སྡོད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པས་ད་ཆ་ཁོང་སྟོང་ལྷང་ལྷང་གི་ཐང་ཆེན་ལ་ལྟ་བཞིན་ངོ་གདོང་ནས་སྐྱོ་མདངས་ཐོན་བཞིན་སྡོད་ཀྱི་ཡོད།
     རིམས་ནད་མ་ཐོན་གོང་མ་ལི་ཝེར་གྱི་ཁྲོམ་བཀྱག་ཡོད་སའི་མོ་ཞི་ཁོའི་མིའི་རིགས་ཀྱི་རིག་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉིན་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཙམ་ཡོང་གི་ཡོད་པས་ཁོང་གི་ཁྲོམ་བཀྱག་ཐོག་གི་མཱ་ཡ་དང་ཨ་ཙེ་ཐེ་ཁེའི་ཤེས་དཔལ་གྱི་བཟོ་རྩལ་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།
     གཟའ་འཁོར་གཅིག་གི་གོང་མ་ལི་ཝེར་གྱིས་ཉིན་རེའི་ལས་ཀའི་གླ་ཆ་པི་སོ་150(ཨ་སྒོར་1ལ་པི་སོ་24ཙམ་ཡིན་པ)ཡི་ཆེད་དུ་སྤྱི་སྤྱོད་རླངས་འཁོར་ནང་ཆུ་ཚོད་གསུམ་ཙམ་སྡོད་དགོས་ཀྱི་ཡོད་པ་རེད། སྲིད་གཞུང་གིས་བདེ་ཐང་ཆེད། མི་དང་མིའི་དབར་བར་ཐག་ངེས་ཅན་འཇོག་དགོས་པ་དར་སྤེལ་བཏང་རུང་། སྤྱི་སྤྱོད་རླངས་འཁོར་ནང་སྔར་བཞིན་འཚང་ཁས་ཁེངས་པས་ཁོང་ལྟར་གྱི་ཁྱིམ་དུ་ལས་ཀ་བྱེད་ཐབས་བྲལ་བའི“ཁྲོམ་གཞུང་སྲུང་མཁན”མང་པོ་སྤྱི་སྤྱོད་རླངས་འཁོར་ནང་སྡོད་དགོས་ཀྱི་ཡོད་པ་རེད། བྲེལ་འཚུབ་ཆེ་བའི་རྣམ་པ་དེ་ད་ཆ་རྒྱས་སྤྲོས་ཤིག་ཏུ་གྱུར་པ་དང་རིམས་ནད་ཐོན་པ་ལས་མ་ལི་ཝེར་གྱི་སྦྱིན་བདག་ངལ་གསོ་བརྒྱབ་ནས་བསྡད་ཡོད།
     ཟླ་3པའི་ཟླ་མཇུག་ཏུ་མོ་ཞི་ཁོར་གཏན་འཁེལ་བྱུང་བའི་ནད་དཔེ་ཆིག་སྟོང་ལས་བརྒལ་ཡོད། སྲིད་གཞུང་གིས་སྔ་རྗེས་སུ་བྱེད་ཐབས་བཏོན་ཏེ་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་སྒོ་བརྒྱབ་ནས་དམངས་ཚོགས་ཁྱིམ་དུ་ལོགས་སུ་སྡོད་དགོས་པའི་གྲོས་འགོ་བཏོན་པ་དང་། དམངས་ཚོགས་ཀྱིས་སྤེལ་དགོས་ངེས་ཀྱི་བྱེད་སྒོ་མིན་ཚེ་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ། རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཛ་དྲག་གི་དུས་སྐབས་སུ་སླེབས་པའི་ཁྱབ་བསྒྲགས་བྱས་པ་བཅས་བྱས་ཡོད།
     མོ་ཞི་ཁོ་ཀྲུང་དབྱང་དངུལ་ཁང་གིས་ཟླ་4ཚེས་1ཉིན་བརྟག་དཔྱད་བྱས་འབྲས་ཤིག་ཁྱབ་བསྒྲགས་བྱས་པའི་ནང་སྔོན་རྩིས་བྱས་པར་ལྟར་ན། 2020ལོར་མོ་ཞི་ཁོའི་དཔལ་འབྱོར་ལྡོག་འཕར་ཡོང་ཚད་3.5%ཟིན་རྒྱུ་ཡིན་པ་རེད། མོ་ཞི་ཁོའི་ཇུས་འདོན་ཚོགས་པའི་ཞིབ་འཇུག་སྙན་ཞུ་གཞན་ཞིག་ནང་། ཏོག་གསར་གློ་ཚད་རིམས་ནད་ལས་མོ་ཞི་ཁོ་བ་ཁྲི་2000ལས་བརྒལ་བ་དབུལ་པོའི་གནས་སུ་གྱར་སྲིད་པ་བཀོད་ཡོད་པ་རེད།
     མོ་ཞི་ཁོའི་དངུལ་རྩའི་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ཞིབ་འཇུག་པ་ཧོར་ཧེ·སངས་ཆེ་སི་ཡིས་དངོས་སུ་ལས་ཞུགས་ཐུབ་མེད་པའི་ཚོགས་སྤྱི་ནི་མོ་ཞི་ཁོའི་ཆེས་ཉམས་ཞན་གྱི་མི་ཚོགས་ཀྱི་གྲས་ཤིག་རེད། མོ་ཞི་ཁོའི་རྒྱལ་ཁབ་ས་གཤིས་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། མི་མི་ཉུང་བ་ཞིག་ཉིན་རེའི་པི་སོ་123གྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་ནང་འཚོ་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
     རིམས་ནད་ནང་དངོས་སུ་ལས་ཞུགས་ཐུབ་མེད་པའི་ཚོགས་སྤྱིའི་གནས་ཚུལ་ལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་ཡོད་པ་རེད། མོ་ཞི་ཁོའི་ཙུང་ཐུང་ལོ་ཧྥེ་སིས་ཉེ་ཆར་ཁེ་ལས་ཆུང་གྲས་དང་ཚོང་པ་ཉི་ཚེ་བར་དངུལ་བུན་བཏང་ནས་རིམས་ནད་ལས་ཐོན་པའི“དཔལ་འབྱོར་ཉམས་ཉེན”སེལ་ཐུབ་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།