འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་10ཉིན།

༄༅༎ཧ་སག་སི་ཐན་གྱིས་གཞི་ཁྱོན་ཆེ་བའི་རྒྱང་ཁྲིད་སློབ་ཚན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་6ཉིན་ཧ་སག་སི་ཐན་གྱི་སློབ་གསོ་དང་ཚན་རིག་པུས་དྲ་ཐོག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་དེ་ཉིན་ནས་བཟུང་དངོས་སུ་རྒྱང་ཁྲིད་སློབ་ཚན་འཚོག་འགོ་ཚུགས་རྒྱུ་དང་དེ་ཉིན་ཞོགས་པ་སྤྱོད་མཁན་ཁྲི་100ཙམ་གྱིས་རྒྱང་ཁྲིད་སློབ་ཚན་གྱི་ལས་སྟེགས་ནང་ཞུགས་ཡོད་ཅེས་བརྗོད་པ་དེ་རྒྱལ་ཁབ་དེས་གཞི་ཁྱོན་ཆེན་པོས་རྒྱང་ཁྲིད་སློབ་ཚན་ཚོགས་ཐེངས་དང་པོ་ཡིན།