འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་9ཉིན།

༄༅།།ཐ་ལི་མུའུ་གཤོང་ས་ནས་སྣུམ་རླངས་གསར་རྙེད་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་09ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། གསར་འགོད་པས་ཐ་ལི་མུའུ་སྣུམ་ཞིང་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཚེས་8ཉིན་སྣུམ་ཞིང་གི་ཁྲོན་པ1ནང་ཧའོ་སྨི་10ཡི་སྣུམ་འཐེན་མཆུ་ཏོས་སྣུམ་འཐེན་ཚོད་ལྟ་བྱས་རྗེས། ཉིན་རེར་མ་བཅོས་སྣུམ་སྨི་གྲུ་བཞི་ལྷམ་པ་624ཐོན་པ་དང་། ཉིན་རེར་རང་བྱུང་སོལ་རླངས་སྨི་གྲུ་བཞི་ལྷམ་པ་ཁྲི་37.1ཐོན་པས། ཚད་བརྒལ་ཆེན་པོ་བྱུང་ཡོད། དེ་ལས་སྣུམ་ཞིང་གི་ཁུལ་ཁོངས་རིམ་པའི་སྣུམ་རླངས་ཕུན་སུམ་ཚོགས་པའི་གས་སྲུབས་ས་རྒྱུད་ཅིག་གསར་དུ་རྙེད་པ་དང། རྡོ་སྣུམ་གྱི་ཐོན་འབོར་ཏུན་དུང་ཕྱུར་2.28ཟིན་ཞིང་། ཐ་ལི་མུའུ་སྣུམ་ཞིང་གིས་ཐ་ལི་མུའུ་བྱང་རྒྱུད་དང་ཐ་ལི་མུའུ་དབུས་རྒྱུད་ཀྱི་ཏུན་ཁྲི་སྟོང་མང་པོའི་སྣུམ་རླངས་ཁུལ་འཛུགས་སྐྲུན་ཆེད་རྨང་གཞི་བརྟན་པོ་གདིང་པ་མཚོན་ཡོད།
    ཐ་ལི་མུའུ་གཤོང་སར་ཐཱན་སྐྱུར་ཚྭ་རྡོའི་སྣུམ་རླངས་གསོག་ཚད་ཕུན་སུམ་ཚོགས་པོ་ཡོད་པ་དེས་གཤོང་སའི་སྣུམ་རླངས་ཐོན་ཁུངས་བསྡོམས་འབོར་གྱི་38%བཟུང་བ་དང་། ཐ་ལི་མུའུ་སྣུམ་ཞིང་གི་མ་བཅོས་རྡོ་སྣུམ་གསོག་ཚད་མང་དུ་གཏོང་བའི་འཐབ་ཇུས་གལ་ཆེན་གྱི་རྒྱུན་མཐུད་ཁྱབ་ཁོངས་ཤིག་རེད།
ནུབ་རླངས་ཤར་འདྲེན་གྱི་སོལ་རླངས་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཡིན་པའི་ཐ་ལི་མུའུ་སྣུམ་ཞིང་གིས་རང་རྒྱལ་གྱི་ཧྭ་ཏུང་དང་ཧྭ་པེ་ས་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་120ལྷག་ཙམ་གྱི་མི་འབོར་དུང་ཕྱུར་4ཙམ་དང་ཁེ་ལས་3000ལྷག་ཙམ་གྱི་སོལ་རླངས་མཁོ་འདོན་ལས་འགན་འཁུར་བཞིན་ཡོད།