འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་9ཉིན།

༄༅།།རེན་ཝེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་09ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་དོན། རེན་ཝེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱ་རྒྱུའི་གཏན་འབེབས་བྱས། 
    རེན་ཝེའི་ལོ་རྒྱུས་མདོར་བསྡུས།
རེན་ཝེ། སྐྱེས་པ། རྒྱ་རིགས། 1976ལོའི་ཟླ་5པར་སྐྱེས(ལོ་43)ཧྲན་ཤིས་ཆི་ཧྲན་གྱི་མི་ཡིན་པ། 1997ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  2003ལོའི་ཟླ་7པར་ལས་ཀར་ཞུགས། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གནས་ཡོད། 
1993.09——1998.09བར་ཆིང་ཧྭ་སློབ་ཆེན་དུ་ཚ་ནུས་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་བྱས།  
1998.09——2003.07བར་ཆིང་ཧྭ་སློབ་ཆེན་དུ་ཚ་ནུས་སྒུལ་ཤུགས་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་བྱས།  
2003.07——2007.07བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་པེ་ཅིང་རྒྱལ་གློག་ལུང་ཡོན་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་སྙོམས་སྒྲིག་ཚོད་ལྟ་པུའི་མཐོ་རིམ་རྣམ་གྲངས་ཀྱི་ཅིང་ལི་བྱས།  
2007.07——2008.10བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་རྒྱལ་གློག་ཚན་རྩལ་ཁོར་ཡུག་སྲུང་སྐྱོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་འགོད་འཕེལ་རྒྱས་པུའི་མཐོ་རིམ་ལས་སྒོའི་ཅིང་ལི་བྱས།  
2008.10——2009.11བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་རྒྱལ་གློག་ཚན་རྩལ་ཁོར་ཡུག་སྲུང་སྐྱོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་འགོད་འཕེལ་རྒྱས་པུའི་ཅིང་ལི་གཞོན་པ་བྱས།  (ལས་དོན་གཙོ་སྐྱོང་བྱས)
2009.11——2016.05བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་བྱས།
2016.05——2017.01བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་བྱས། 
2017.01——2018.05བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།
2018.05——2018.08བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་།  སྤྱི་ཁྱབ་ཅིང་ལི་བྱས།
2018.08——2020.03བར་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་བྱས།
2020.03——2020.04བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འོས་མི་བྱས།  
2020.04——བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱས།