འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅།།སློབ་གསོ་པུས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་གློག་རྡུལ་ཚོང་དོན་ལས་རིགས་ལ་ཕྱོགས་
ནས་“24365སློབ་གྲྭའི་ནང་གི་གདན་ཞུ”ཡི་ཆེད་དོན་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གསོ་པུའུ་ཡིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་གློག་རྡུལ་ཚོང་དོན་ལས་རིགས་ལ་ཕྱོགས་ནས་“24365སློབ་གྲྭའི་ནང་གི་གདན་ཞུ”ཡི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཟླ་3ཚེས་31ཉིན་ནས་ཟླ་5ཚེས་1ཉིན་བར། སློབ་གསོ་པུའུ་ཡིས་སློབ་ཆེན་སློབ་མའི་ལས་ཞུགས་དྲ་བ་(ལས་རིགས་གསར་པའི་དྲ་ཚིགས་www.ncss.cn)ཐོག་ཆེད་དོན་དྲ་ངོས་སྒྲིག་བཀོད་བྱས་ཏེ། རིན་པ་མི་དགོས་པར་མི་སྤྱོད་ཚན་པའི་གདན་ཞུའི་ཆ་འཕྲིན་སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མས་བལྟ་ཀློག་དང་དྲ་ཐོག་འབྲེལ་བ་བྱ་རྒྱུར་འདོན་རྒྱུ་རེད།
    གསར་འགོད་པས་ཤེས་རྟོགས་བྱུང་གསལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་།  སློབ་གསོ་པུའུ་ཡིས་ས་གནས་དང་། མཐོ་སློབ་དང་དེ་བཞིན་སྤྱི་ཚོགས་ཐོག་གི་མི་བསྡུ་བའི་དྲ་ཚིགས་གྲགས་ཅན་དང་མཉམ་འབྲེལ་བྱས་ནས་ཐུན་མོང་ཐོག་“2020ལོའི་མཐོ་སློབ་སློབ་ཐོན་སློབ་མའི་རྒྱལ་ཡོངས་དྲ་རྒྱ་མཉམ་འབྲེལ་གདན་ཞུ་一24365སློབ་གྲྭའི་ནང་གི་གདན་ཞུའི་ཞབས་ཞུ་”སྤེལ་ནས། མཐོ་སློབ་སློབ་ཐོན་སློབ་མར་ཆུ་ཚོད་24རིང་གི་ལོ་ཧྲིལ་པོའི་ཉིན་365ཡི་དྲ་ཐོག་སློབ་གྲྭའི་ནང་གི་གདན་ཞུའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། མིག་སྔར།“24365སློབ་གྲྭའི་ནང་གི་གདན་ཞུའི་”ལས་སྟེགས་ཀྱིས་ཁྱོན་བསྡོམས་ལས་གནས་ཆ་འཕྲིན་ཁྲི་833མཁོ་འདོན་བྱས་ཡོད་པ་དང་། རིམ་རྩིས་བྱས་ན་ཐོ་འགོད་མི་གྲངས་གསར་པ་ཁྲི་132བྱུང་ཡོད་ཅིང་། རང་གི་ལོ་རྒྱུས་མདོར་བསྡུས་བསྐུར་མཁན་མི་ཐེངས་ཁྲི་1100ལས་བརྒལ་ཡོད།