འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅།།རྒྱལ་ཡོངས་ཀྱི་དབུལ་སྐྱོར་རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་སྔར་བས་བྱེད་
མགྱོགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མིག་སྔར་ས་ཁུལ་དབུལ་པོའི་ལས་མི་ཕྱིར་སྐྱོད་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། དེ་བཞིན་རྣམ་གྲངས་ལས་འགོ་འཛུཌ་པ་དང་ལས་འགོ་བསྐྱར་འཛུཌ་བཅས་སྔར་བས་བྱེད་མགྱོགས་སུ་ཕྱིན་ཡོད་པ་རེད།
    གསར་འགོད་པར་ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ཞིང་ཆེན་25ཡི་དབུལ་པོ་ལས་མི་ཁྲི་2085.94ཕྱིར་བསྐྱོད་པ་དེ་དག་གིས་ན་ནིང་ཕྱིར་ལས་མི་བསྐྱོད་མཁན་སྤྱི་འབོར་གྱི་76.43%ཟིན་ཞིང་། ཟླ་3ཚེས་6ཉིན་ལས་བརྒྱ་ཆའི་གྲངས་24.4འཕར་ཡོད་པ་རེད།
    མིག་སྔར་ས་ཁུལ་དབུལ་པོའི་ངལ་ནུས་ཕྱིར་ལས་མིར་བསྐྱོད་ཚད་དང་དེ་བཞིན་དབུལ་སྐྱོར་འཁོར་ཁང་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། དབུལ་སྐྱོར་རྣམ་གྲངས་བཅས་ཀྱི་ལས་འགོ་འཛུཌ་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་སྔར་བས་མགྱོགས་སུ་ཕྱིན་ཡོད་པ་རེད།