འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎བོད་ལྗོངས་མངའ་རིས་ཀྱི་དྲག་ཆས་དཔོན་དམག་ཚོས་ཉིན་མཚན་མེད་པར་གངས་འཁྱགས་བཤངས་ནས་
གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་2020ལོའི་ཟླ་4ཚེས་4ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་འཇོར་དང་སྦྱག་མ་སོགས་འཁྱེར་ནས་རྒྱལ་ལམ་219ལམ་རྒྱུད་ཀྱི་མ་ཡུམ་ལའི་ལམ་དུམ་གྱི་གངས་འཁྱགས་གཤོང་བཞིན་པ།
འདི་ནི་2020ལོའི་ཟླ་4ཚེས་4ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་འཇོར་དང་སྦྱག་མ་སོགས་འཁྱེར་ནས་རྒྱལ་ལམ་219ལམ་རྒྱུད་ཀྱི་མ་ཡུམ་ལའི་ལམ་དུམ་གྱི་གངས་འཁྱགས་གཤོང་བཞིན་པ།
     ཉིན་ཤས་བསྟུད་མར་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པའི་རྒྱལ་ལམ་219ལམ་རྒྱུད་ཀྱི་མ་ཡུམ་ལའི་རྒྱུད་ཀྱི་ལམ་བུར་གངས་གསོག་དང་འཁྱགས་པ་ཐེབས་ཏེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། འགྲོ་འོང་བྱེད་མཁན་རླངས་འཁོར་མང་པོ་དེ་གར་ལུས་ཏེ་བོད་དུ་ཡོང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་དང་ལམ་རྒྱུད་མང་ཚོགས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལས་ཀར་ཤུགས་རྐྱེན་ཕོག་ཡོད། 2020ལོའི་དྭངས་གསལ་དུས་ཚིགས་རིང་ལམ་དུམ་བདག་སྐྱོང་དང་ཤར་གཏོང་གི་ལས་འགན་ཁུར་བཞིན་པའི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་བདག་སྐྱོང་རུ་ཆེན་གསུམ་པས་ཆེད་ལས་ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། གངས་གཤོང་འཕྲུལ་འཁོར་དང་། འདོན་འཇུག་འཕྲུལ་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་ཉེན་སྐྱོབ་འཕྲུལ་འཁོར་ཆེ་གྲས་བཏང་ནས་གངས་དང་འཁྱགས་པ་བཤངས་ཡོད། གནོད་འཚེ་ཕོག་ཡུལ་དུ་ས་བབ་མཐོ་བ་དང་ལྷགས་པ་ཆེན་པོ་བརྒྱབ་པས་གངས་དང་འཁྱགས་པ་གཤོང་བའི་ལས་ཀར་དཀའ་ངལ་ཆེན་པོ་བཟོས། དཔོན་དམག་ཚོས“འཕྲུལ་འཁོར་ཆེ་གྲས་ཀྱིས་གངས་དང་འཁྱགས་པ་གཤོང་བ་དང་མི་དང་འཕྲུལ་འཁོར་ཟུང་འབྲེལ་གྱིས་གང་སར་གཙང་སེལ་བྱེད་པའི”ཐོག་ནས་གཞུང་ལམ་ཤར་གཏོང་ཡོང་ཐབས་བྱས་ཡོད། དཔོན་དམག་ཚོས“ས་བབ་མཐོ་ཡང་ང་ཚོ་མི་སྐྲག”ཅེས་པའི་འབོད་ཚིག་བསྒྲགས་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ལྷག་ཙམ་གྱི་གྲང་ངར་དང་། ས་བབ་མཐོ་ཞིང་གསོ་རླུང་དཀོན་པ་ལས་བྱུང་བའི་ལུས་ཀྱི་ཚོར་སྣང་མི་བདེ་བ་ཁྱད་བསད་བྱས་ཏེ། ཉིན་མཚན་མེད་པར་གཞུང་ལམ་གྱི་གངས་དང་འཁྱགས་པ་བཤངས་ཏེ་གངས་འཁྱགས་ཁྲོད་ལུས་པའི་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ཡོད། དཔོན་དམག་ཚོས་བསྟུད་མར་ཉིན་གཉིས་འབད་འཐབ་བྱས་པ་བརྒྱུད། ཟླ་4ཚེས་5ཉིན་མ་ཡུམ་ལའི་ལམ་དུམ་གྱི་སྨི་རྒྱ་དཔངས་གྲུ་བཞི་ཁྲི་22ཟིན་པའི་གངས་དང་འཁྱགས་པ་བཤངས་པ་དང་ལམ་ཐག་སྤྱི་ལེ་35ཙམ་ཟིན་པའི་གངས་འཁྱགས་ལམ་ཚང་མ་བཤངས་ནས་ལམ་ཧྲིལ་པོ་བདེ་འཇགས་ཤར་བགྲོད་ཐུབ་སྟེ། བོད་ལྗོངས་ས་ཁུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་འགན་ལེན་ནུས་ལྡན་ཐུབ་པ་དང་ལམ་རྒྱུད་ཀྱི་ས་མཐོའི་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལའང་རོགས་རམ་ཐུབ་ཡོད།
འདི་ནི་2020ལོའི་ཟླ་4ཚེས་5ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་གངས་གཤོང་འཕྲུལ་འཁོར་བཏང་སྟེ་རྒྱལ་ལམ་219ལམ་རྒྱུད་ཀྱི་མ་ཡུམ་ལའི་ལམ་དུམ་གྱི་གངས་གཤོང་བཞིན་པ།
འདི་ནི་2020ལོའི་ཟླ་4ཚེས་5ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་གངས་གཤོང་འཕྲུལ་འཁོར་བཏང་སྟེ་རྒྱལ་ལམ་219ལམ་རྒྱུད་ཀྱི་མ་ཡུམ་ལའི་ལམ་དུམ་གྱི་གངས་གཤོང་བཞིན་པ།