འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱིས་ཕྱོགས་བསྡུས་ཁྲིམས་འཛིན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོའི་རིང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཕྱོགས་བསྡུས་ཁྲིམས་འཛིན་ཕུགས་ཕན་ལམ་སྲོལ་གྱི་ནུས་པ་གལ་ཆེན་ཐོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཕྱོགས་བསྡུས་ཁྲིམས་འཛིན་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཚུན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱིས་སྡེ་ཚན་མང་པོ་མཉམ་འགུལ་ཁྲིམས་འཛིན་དང་། ས་ཁོངས་བརྒལ་བའི་མཉམ་འབྲེལ་ཁྲིམས་འཛིན། སྣོད་བཅུད་བར་མཐོངས་ཀྱི་དོ་དམ་ཚོད་འཛིན། སྐོར་ཞིབ་ཁྲིམས་འཛིན་ཚང་མར་ཁྱབ་པ། སྤྱི་ཚོགས་ཞུགས་རྒྱུར་ཁྲིད་སྟོན། གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བཅས་ཕྱོགས་དྲུག་ལ་དམིགས་ཏེ། སྣོད་བཅུད་སྲུང་སྐྱོང་གི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་སྡེ་ཚན་མང་པོའི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་ཆེད་དོན་ལྟ་བཤེར་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་གིས། མིག་སྔར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ནས་རིམ་རྩིས་བྱས་ན་གྱོད་གཞི་སྣ་ཚོགས་9རྩད་ཆོད་ཐུབ་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་སྤྱི་རྒྱ་10.87གཞུང་བཞེས་བཏང་བ། མིའི་རིགས་འཚོ་སྡོད་བྱེད་ས་236ལ་ཞིབ་བསྡུར་བྱས་པ། སྒྲིག་འགལ་ཁྲིམས་འགལ་གྱི་འཛུགས་སྐྲུན་རྣམ་གྲངས་18ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐག་གཅོད་བྱས་ཡོད་ཅེས་བརྗོད་པ་རེད།
     སྲིད་གཞུང་གིས་སྤྱི་གླིང་ནང་ཁུལ་དང་། དེ་བཞིན་མཐའ་འཁོར་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་རྟེན་གཞིར་ལེབ་བཤེར་རྣམ་པའི་མཐིལ་རྟོགས་གྲལ་བཤེར་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་གསོ་ཚགས་རྟེན་གཞི་དང་། བཤས་ར། ཚོང་གཉེར་གྱི་དམིགས་བསལ་ཆོག་འཐུས་དབང་ཆ་ཐོབ་པའི་ཤྭ་བའི་ཐོན་རྫས་ཚོང་ཁང་བཅས་70ལྷག་ཙམ་ལ་ཞིབ་བཤེར་བྱས་ཏེ་ཚོང་གཉེར་ཁྱབ་ཁོངས་ལས་བརྒལ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་59གཞུང་བཞེས་བཏང་བ་རེད།