འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎བོད་ལྗོངས་རྫ་ཡུལ་དུ་དཔྱིད་ཀྱི་ཇ་ལོ་དང་པོ་འཐོག་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོའི་སྡོད་ཁང་གསར་པ་དང་ཇ་ར།
རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོའི་སྡོད་ཁང་གསར་པ་དང་ཇ་ར།
     མི་དམངས་དྲ་བའི་འཕྲིན། 2018ལོར་ས་གནས་དེ་གས་ཇ་ཤིང་འདེབས་འགོ་ཚུགས་ཤིང་། དེ་སྔ་ཇ་འདེབས་མྱོང་མེད་པའི་གྲོང་མི་ཚོ་ཇ་འདེབས་མཁན་དུ་གྱུར་བ་རེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་ཁམས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་2018ལོ་ནས་བཟུང་ཇའི་ཐོན་ལས་དར་སྤེལ་ཤུགས་ཆེན་བཏང་བ་རེད། མིག་སྔར་རྫ་ཡུལ་རྫོང་གི་ཇ་ལོ་འདེབས་ཁྱོན་མུའུ་ཁྲི་1.2ཙམ་ཟིན་ཡོད། ཟླ་4ཚེས་5ཉིན་རྫ་ཡུལ་རྫོང་གིས་ཇ་ལོ་འདེབས་འཛུགས་དར་སྤེལ་བཏང་ཚུན་གྱི་དཔྱིད་ཇ་ཁག་དང་པོ་འཐོག་འགོ་ཚུགས་ཤིང་། ཇ་ལོ་ནི་ས་གནས་དེ་གའི་གྲོང་མི་ཕྱུག་འགྱུར་འབབ་འཕར་གྱི་ཐོན་ལས་གསར་པར་གྱུར་ཡོད། 
【1】  【2】  【3】  【4】
རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོའི་གྲོང་མིས་ཇ་ལོ་འཐོག་བཞིན་ཡོད།
རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོའི་གྲོང་མིས་ཇ་ལོ་འཐོག་བཞིན་ཡོད།