འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅༎བྱང་ཐང་ནས་ལྷ་སའི་ཉེ་འདབས་སུ་སྤོས་པའི་རོང་དམར་བའི་འཚོ་བ་གསར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་སུ་ཉི་རྒྱ་(གཡོན་གྱི་དང་པོ)ཡིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཁྱིམ་མི་ཚོ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་སུ་ཉི་རྒྱ་(གཡོན་གྱི་དང་པོ)ཡིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཁྱིམ་མི་ཚོ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁུལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་30ཙམ་བསྐྱོད་ན་བོད་བཟོའི་སྡོད་ཁང་266ལས་གྲུབ་པའི་གྲོང་ཚོ་ཞིག་ཡོད། དེ་ནི་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་དང་པོ་སྟེ་རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་རེད།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལས་ཕན་པ་ཐོབ་པ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་འཚོ་གནས་ཀྱི་ཁྱིམ་གཞིས་བསྐྲུན་ཆེད། 2018ལོར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་འབྲོག་པ་ཆིག་སྟོང་ལྷག་ཙམ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པའི་བྱང་རྩྭ་ཐང་ནས་བྲལ་ཏེ་སྤྱི་ལེ་སྟོང་གི་སར་གནས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དུ་གནས་སྤོས་བྱས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།
     གནས་སྤོས་ས་ཚིགས་ཀྱིས་ས་གནས་དེ་གའི་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག གཙོ་བོ་འབྲི་གཡག་གསོ་ཚགས་དང་། ལུག་གསོ་ཚགས། དབུལ་སྐྱོར་ཕྱོགས་བསྡུས་ཚོང་ཁང་། འབྲོག་པའི་ཁྱད་ལྡན་འཚོ་བའི་ཉམས་ལེན་ཁུལ་སོགས་དབུལ་སྐྱོར་རྣམ་གྲངས་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། 2019ལོར་རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14992.36ཟིན་ཡོད།
【1】  【2】  【3】  【4】  【5】
༄༅༎བྱང་ཐང་ནས་ལྷ་སའི་ཉེ་འདབས་སུ་སྤོས་པའི་རོང་དམར་བའི་འཚོ་བ་གསར་པ།