འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅།།དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཉིན་དང་པོར་ས་གནས་ཁག་གི་དྲ་རྒྱའི་དུར་ཕྱགས་ལས་སྟེགས་ཀྱིས་མང་
ཚོགས་མི་ཐེངས་ཁྲི་1336ལ་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་དམངས་སྲིད་པུས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ལ་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་གི་ཉིན་དང་པོར(ཟླ་4ཚེས་4ཉིན)ས་གནས་ཁག་གི་དྲ་རྒྱའི་དུར་ཕྱགས་ལས་སྟེགས་ཀྱིས་མང་ཚོགས་མི་ཐེངས་ཁྲི་1336ལ་ཞབས་འདེགས་ཞུས་པ་དང་དྲ་ཐོག་ཏུ་དྲན་གསོ་ཞུ་བའི་བར་མཐོངས་གཏོད་པ་དང་སེམས་གཏམ་ཤོད་པ་སོགས་བརྒྱུད་ནས་མང་ཚོགས་ཀྱི་དུར་ཕྱགས་དགོས་མཁོ་བསྐངས་པས། དྲ་རྒྱའི་དུར་ཕྱགས་འདི་ལོའི་ཤེས་དཔལ་དུར་ཕྱགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་རིམ་པས་གྱུར་ཡོད་པ་རེད།