འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅།།ཡུན་ནན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནང་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་བཀོད་སྒྲིག་བྱེད་ཚད་
བཅུ་ཆ་དགུ་ལྷག་ཙམ་ཟིན་པ།

“འགྱུར་ལྡོག་གསུམ”བྱུང་བ་སྟེ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གཅིག་ནི་སྡོད་ཁང་སྐྲུན་སྟངས་དེ“གཅིག་གྱུར་འཆར་འགོད་ཐོག་རང་སྐྲུན་དང་གཅིག་གྱུར་འཆར་འགོད་མཉམ་སྐྲུན”ནས“གཅིག་གྱུར་འཆར་འགོད་ཐོག་བཟོ་སྐྲུན་གཙོ་བོར་བྱེད་པའི”བར་འགྱུར་ལྡོག་བྱུང་བ།
    གཉིས་ནི་བཀོད་སྒྲིག་བྱ་ཡུལ་དེ“ས་ཚིགས་མང་ལ་ཁ་ཐོར་ཆེ་བ”ནས“གཅིག་སྡུད་རན་པོའི”བར་འགྱུར་ལྡོག་བྱུང་བ།
   གསུམ་ནི་བཀོད་སྒྲིག་བྱེད་སྟངས་དེ“གྲོང་གསེབ་ཏུ་བཀོད་སྒྲིག”བྱེད་པ་ནས“གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བཀོད་སྒྲིག”བྱེད་པའི་བར་འགྱུར་ལྡོག་བྱུང་བ།
    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུན་ནན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་འགོ་ཚུགས་ཚུན། གནས་སྤོས་བཀོད་སྒྲིག་ལ་འགྱུར་ལྡོག་མང་པོ་བྱུང་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་བཀོད་སྒྲིག་བྱེད་ཚད་2016ལོའི་21.6%ནས་2019ལོའི་90.6%བར་མཐོ་རུ་སོང་ཡོད་པ་རེད།
    ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལེང་ཤུས་ཏུང་གིས་ངོ་སྤྲོད་བྱས་པར། ཡུན་ནན་ཞིང་ཆེན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་གནས་སྤོའི་ལས་འགན་མི་ཁྲི་99.6ཡིན་པ་དེ་ནི་གཞི་ཁྱོན་རྒྱལ་ཡོངས་སུ་ཨང་གསུམ་པར་སླེབས་ཀྱི་ཡོད། ཞིང་ཆེན་ཡོངས་སུ་མི་ཁྲི་ཡན་གྱི་བཀོད་སྒྲིག་བྱ་ཡུལ་11བསྐྲུན་པ་དེས་རྒྱལ་ཡོངས་ཀྱི་21.6%བཟུང་ཡོད། ལས་དོན་དེ་འགོ་ཚུགས་པ་ནས་ད་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མིག་སྔར་ཡུན་ནན་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་575.79འབྱོར་ཡོད་པ་རེད།
   འབད་བརྩོན་བྱས་པ་བརྒྱུད། ཡུན་ནན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཐད“འགྱུར་ལྡོག་གསུམ”བྱུང་བ་སྟེ། གཅིག་ནི་སྡོད་ཁང་སྐྲུན་སྟངས་དེ“གཅིག་གྱུར་འཆར་འགོད་ཐོག་རང་སྐྲུན་དང་གཅིག་གྱུར་འཆར་འགོད་མཉམ་སྐྲུན”ནས“གཅིག་གྱུར་འཆར་འགོད་ཐོག་བཟོ་སྐྲུན་གཙོ་བོར་བྱེད་པའི”བར་འགྱུར་ལྡོག་བྱུང་ནས་གཅིག་གྱུར་འཆར་འགོད་ཐོག་བཟོ་སྐྲུན་བྱེད་ཚད་2016ལོའི་20.8%ནས་2019ལོའི་99.7%བར་མཐོ་རུ་སོང་བ་དང་། གཉིས་ནི་བཀོད་སྒྲིག་བྱ་ཡུལ་དེ“ས་ཚིགས་མང་ལ་ཁ་ཐོར་ཆེ་བ”ནས“གཅིག་སྡུད་རན་པོའི”བར་འགྱུར་ལྡོག་བྱུང་ནས་གཅིག་སྡུད་བཀོད་སྒྲིག་བྱེད་ཚད་2016ལོའི་80.6%ནས་2019ལོའི་100%བར་མཐོ་རུ་སོང་བ། གསུམ་ནི་བཀོད་སྒྲིག་བྱེད་སྟངས་དེ“གྲོང་གསེབ་ཏུ་བཀོད་སྒྲིག”བྱེད་པ་ནས“གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བཀོད་སྒྲིག”བྱེད་པའི་བར་འགྱུར་ལྡོག་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་བཀོད་སྒྲིག་བྱེད་ཚད་2016ལོའི་21.6%ནས་2019ལོའི་90.6%བར་མཐོ་རུ་སོང་བ་བཅས་རེད།
    ལེང་ཤུས་ཏུང་གིས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཅིང་ཨན་ཁུལ་གསར་དང་། མའོ་ཅཱ་དབན་ཡུག་ཁུལ། ཧུད་ཙེ་རྫོང་གྲོང་། ཧྥུའུ་ཀུང་ཅང་ཤིས་སོགས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སྔོན་གཏན་འཁེལ་བའི་གནས་སྤོས་ལས་དོན་ནར་འགྱངས་ཕྲན་བུ་བྱུང་མོད། ཡིན་ནའང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མཇུག་བསྡུའི་ལས་གྲྭ་ཟླ་2ཚེས་21ཉིན་ནས་ཆ་ཚང་ལས་འགོ་བསྐྱར་དུ་ཚུགས་ཡོད། མིག་སྔར་ས་ཁུལ་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་རིམ་དབྱེ་རིགས་དབྱེའི་ངང“གནས་སྤོ”བྱེད་འགོ་བཙུགས་ཏེ་དམིགས་ཚད་ལས་འགན་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་སྒོ་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།