འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅༎ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་གཅིག་པ་དང་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 08:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་3ཉིན“ཀྲུང་ལྷོའི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་སྤེལ་རེས་ཚོགས་འདུ”འཚོགས་ཏེ་ལྷོ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་དཔོན་རིགས་དང་དེ་བཞིན་རིགས་གཅིག་མཁས་ཅན་ལ་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་བསགས་པའི་ཉམས་མྱོང་དང་བསམ་གཞིག་བྱེད་སྟངས་མཉམ་སྤྱོད་བྱས་པ་རེད།
     ཚོགས་འདུར་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཧྲང་ཧའེ་གྲོང་ཁྱེར། ལྷོ་ཨ་ཧྥེ་རི་ཁ་འཕྲོད་བསྟེན་པུའུ་བཅས་ཚོགས་ར་གཙོ་བོ་3བཀོད་སྒྲིག་བྱས་པ་དེ་དག་གི་ལག་རྩལ་རོགས་སྐྱོར་ཧྭ་ཝུའེ་ཀུང་སིས་མཁོ་འདོན་བྱས་ཡོད། ལྷོ་ཨ་ཧྥེ་རི་ཁའི་ས་གནས་ཁག་ཏུ་མཉམ་འགུལ་ས་ཚིགས་60བཙུགས་ཡོད་པས་ཚོགས་འདུར་ཞུགས་ཆོག་པ་དང་ད་དུང་དྲ་ཐོག་ནས་མི་70ལྷག་ཙམ་གྱིས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཧྲང་ཧའེ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཞའོ་ཏུང་གིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཧྲང་ཧའེ་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཡོན་ཀྲེང་ཧུང་སོགས་རིགས་གཅིག་མཁས་ཅན་གྱིས་ནད་དུག་ལ་བརྟག་དཔྱད་དང་། སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས། ནད་ཐོག་སྨན་བཅོས་སོགས་ཕྱོགས་དགུའི་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱས་ཡོད་ལ་ལྷོ་ཨ་ཧྥེ་རི་ཁའི་ཚོགས་ཞུགས་མི་སྣའི་དྲི་བར་ལན་ཡང་བརྒྱབ་པ་རེད།
     ཚོགས་ར་གཙོ་བོ་གསུམ་པོ་དེ་དག་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ལི་ནན་དང་། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ཕྱི་དོན་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཀོང་ཡུང་། ལྷོ་ཁ་ཧྥེ་རི་ཁའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ཁའེ་ཙི་བཅས་ཀྱིས་གཙོ་སྐྱོང་བྱས་ཤིང་། མུའུ་ཁའེ་ཙེས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས། ལྷོ་ཨ་ཧྥེ་རི་ཁའི་རིམས་ནད་ཀྱི་གནས་ཚུལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧྲང་ཧའེ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་རོགས་རམ་བྱས་ཏེ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ད་ཐེངས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད། ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཀྲུང་གོའི་ལས་དོན་ཕན་ཡོད་དང་ནུས་ལྡན་ཡིན་པས་འཛམ་གླིང་ལ་སྔོན་འགོག་གི་རྩ་ཆེའི་དུས་ཚོད་མཁོ་འདོན་བྱས་ཡོད་ལ་རྒྱལ་ཁབ་གཞན་དག་ལའང་མིག་དཔེ་བཟང་པོ་སྟོན་པས་ཚང་མས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།