འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅༎ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སུར་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་མོ་སི་ཁོར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 08:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སུར་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཁག་གཅིག་ཚེས་2ཉིན་མོ་སི་ཁོར་འབྱོར་བ་རེད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དངོས་ཟོག་དེ་དག་ལ་ལྗིད་ཚད་ཏུན་25.5ཟིན་པ་དང་དེའི་ནང་སྨན་སྤྱོད་ཁ་རས་དང་། འགོག་སྲུང་གྱོན་ཆས། ཕྱི་བཅོས་ཚན་ཁག་གི་ལག་ཤུབས། ཚ་བ་ལྟ་ཆས། ལྷམ་ཤུབས་སོགས་ཚུད་ཡོད། དངོས་ཟོག་གི་དོ་པོའི་ཐོག་རྒྱ་ཡིག་དང་ཨུ་རུ་སུའི་ཡི་གེའི་ཐོག་ནས“ནད་དུག་ལས་རྣམ་པར་རྒྱལ་ཐུབ་ངེས་རེད། རྒྱལ་ཁ་ནི་ང་ཚོར་དབང་བ་ཞིག་རེད”ཅེས་པ་སྦྱར་ཡོད།