འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་4ཉིན།

༄༅།།ཚན་རིག་མཁས་ཅན་གྱིས། ཨ་ཆེན་གངས་རྒྱབ་ཀྱི་མཚོ་མཚེའུ་ཡི་གཙོ་བོའི་གཏིང་ཚད་ཐོག་མར་བརྒྱུད་རིམ་ 
ལྡན་པའི་ངང་ཚད་ལེན་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་04ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིབ་འཇུག་ཁང་དེས་སྣེ་ཁྲིད་པའི་མཚོ་མཚེའུ་འཕེལ་འགྱུར་དང་གནམ་གཤིས་འགྱུར་ལྡོག་གི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བརྡ་ལན་གྱི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཨ་ན་གངས་བ་ས་ཁུལ་གྱི་མཚོ་མཚེའུ་གཙོ་བོར་བརྒྱུད་རིམ་ལྡན་པའི་ཚན་རིག་རྟོག་ཞིབ་བྱས་ཤིང་། ས་ཁོངས་དེ་གའི་མཚོ་མཚེའུ་ཆེ་འབྲིང་གི་ཆུ་འོག་ས་བབ་དང་ཆུ་སྤུས་བཅད་ངོས་སོགས་ཀྱི་གྲངས་གཞི་ཐོག་མར་རག་པ་མ་ཟད། ས་ཁོངས་དེ་གའི་མཚོ་མཚེའུ་ཡི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་སྟོང་ཆའང་བསབས་པ་རེད།
    མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་མཚོ་མཚེའུ་ས་ཁུལ་ཆེ་གྲས་གཙོ་བོ་གསུམ་གྱི་གྲས་ཤིག་ཡིན་ལ། མཚོ་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5ཙམ་ཟིན་པ་དང་མཚོ་བོད་ས་མཐོའི་རྒྱ་ཁྱོན་གྱི་2%ཙམ་ཟིན་ཁར་ལོ་བཅུ་ཕྲག་ཙམ་གྱི་རིང་འགྱུར་ལྡོག་ཆེན་པོ་ང་ཡོད། འོན་ཀྱང་ཆ་རྐྱེན་གྱི་ཚད་བཀག་དབང་གིས་དེ་གོང་མཚོ་བོད་ས་མཐོའི་མཚོ་མཚེའུ་ཡི་གཏིང་ཚད་དང་ཆུ་སྤུས་ཀྱི་དཔྱད་ཡིག་སྐོར་སྟོང་ཆར་ལུས་ཡོད་པ་རེད།
    མཚོ་མཚེའུ་འཕེལ་འགྱུར་དང་གནམ་གཤིས་འགྱུར་ལྡོག་གི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བརྡ་ལན་གྱི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གི་རུ་དཔོན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཁང་མཚོ་མཚེའུ་དང་ཁོར་ཡུག་འགྱུར་ལྡོག་ཚོགས་པའི་འགན་འཁུར་བ་ཀྲུའུ་ལི་ཕིང་གིས། ད་ཐེངས་ཀྱི་རྟོག་ཞིབ་ལས་ཨ་ན་གངས་བ་ས་ཁུལ་གྱི་མཚོ་མཚེའུ་ལ་ཕྱོགས་ཡོངས་ནས་བག་དད་ཐུབ་ཡོད། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་ནི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཁང་དང་། པེ་ཅིང་སློབ་ཆེན། ནན་ཅིང་སློབ་ཆེན་སོགས་ཚན་པ་5ཡི་མི་28ལས་གྲུབ་ཅིང་། 2019ལོའི་ཟླ་10ཚེས་15ཉིན་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཐོག་ཐོན་གཙང་པོའི་བྱང་རྒྱུད་ཀྱི་ཨེར་ཏའོ་ལུང་ཤུར་ནས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ། ཉིན་32དང་སྤྱིའི་ལམ་ཐག་སྤྱི་ལེ་1400བརྒྱུད་པའི་རྟོག་ཞིབ་ལམ་ཐིག་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་ཡོངས་སུ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས།
    རྟོག་ཞིབ་བྱས་འབྲས་ལས་མངོན་པ་ལྟར་ན། ས་ཁོངས་དེ་གའི་མཚོ་མཚེའུ་བོད་ཀྱི་ལྷོ་རྒྱུད་ས་ཆའི་ཆེ་ཆུང་འདྲ་བའི་མཚོ་མཚེའུ་དག་དང་བསྡུར་ཚེ། ཆུའི་གཏིང་ཟབ་ཚད་ལྟོས་བཅས་ས་དམའ་བའི་ཁྱད་ཆོས་ལྡན་པ་རེད། ལོ་བཅུ་ཕྲག་ཙམ་གྱི་རིང་། ཆར་ཆུ་མང་དུ་སོང་བ་དང་གངས་འཁྱག་བཞུ་བའི་དུས་མཚུངས་ས་ཁོངས་དེ་གའི་མཚོ་མཚེའུའི་རྒྱ་ཁྱོན་ཆེ་རུ་མངོན་གསལ་ཕྱིན་པ་དང་། ཆུ་རྒྱས་ནས་མཚོ་མཚེའུ་ཕལ་ཆེ་བ་རྒྱ་ཆེར་འགྲོ་ཚད་20%ཡན་ཟིན་ཡོད། རྒྱ་ཁྱོན་ཆེ་རུ་སོང་བ་དང་སྦྲགས། མཚོ་མཚེའུ་་ང་བའི་ཚྭ་འདུས་ཚད་ཀྱང་རིམ་བཞིན་ཆག་ད་པ་རེད།
    ཀྲུའུ་ལི་ཕིང་གིས། མཚོ་མཚེའུ་འཕེལ་འགྱུར་དང་གནམ་གཤིས་འགྱུར་ལྡོག་བརྡ་ལན་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་མཚོ་བོད་ས་མཐོའི་མཚོ་མཚེའུ་70ལྷག་གི་སྤྱི་ལེ་ངོས་གྲུ་ཁྲི་2ལྷག་ལ་དངོས་ཐོག་ཚད་ལེན་ས་པ་དཔྱད་ཡིག་རག་ཅིང་། སྔོན་དཔག་ལྟར་ན་མཐར་མཚོ་མཚེའུ་100ཙམ་ལ་ཆུའི་གཏིང་ཟབ་ཚད་དངོས་ཐོག་ཚད་ན་བྱས་པའི་གྲངས་གཞི་རག་རྒྱུ་རེད་ཅེས་བརྗོད་པ་རེད།