འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅།།ཟླ་4ཚེས་4ཉིན་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། རྒྱལ་ཡོངས་མི་རིགས་སོ་སོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་དང་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་འདས་སྤུན་ཟླར་མྱ་ངན་ཟབ་མོ་ཞུ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་རིང་སྤྱི་བསྒྲགས་སྤེལ་དོན། 2020ལོའི་ཟླ་4ཚེས་4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཐག་བཅད། དེའི་རིང་ལ། རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་དོན་གཅོད་ཁང་གི་རྒྱལ་དར་ཕྱེད་ཕབ་ནས་མྱུ་ངན་ཞུ་རྒྱུ་དང་། རྒྱལ་ཡོངས་སུ་སྤྱི་པའི་རོལ་རྩེད་བྱེད་སྒོ་མཚམས་འཇོག་རྒྱུ། ཟླ་4ཚེས་4ཉིན་གྱི་ཆུ་ཚོད་10ཐོག་ནས་བཟུང་། རྒྱལ་ཡོངས་མི་དམངས་ཀྱིས་སྐར་མ་3རིང་ལ་ངག་བསྡམས་ནས་མྱ་ངན་ཞུ་རྒྱུ། རླངས་འཁོར་དང་། མེ་འཁོར། དམག་གྲུའི་དུང་བརྡ་བསྒྲགས་རྒྱུ་དང་། མཁའ་ཟོན་ཉེན་བརྡ་བསྒྲགས་རྒྱུ།