འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅།།རིམས་ནད་ཀྱི་ཉེན་ཁ་ཆེ་ཤོས་རྒྱལ་ཁབ་ཀྱི་མིང་ཐོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། ཕྱི་འབྲེལ་པུའུ་གཞུང་ཚབ་སིའི་གཞུང་ཕྱོགས་སྐད་འཕྲིན་ནས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཕྱི་འབྲེལ་པུའུ་ཡིས་དེ་སྔོན་ཀྲུང་གོའི་སྤྱི་དམངས་གནས་སྐབས་རིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆེ་ཤོས་རྒྱལ་ཁབ་དུ་མི་འགྲོ་རྒྱུའི་དྲན་བརྡ་བཏང་ཡོད། གོ་ལ་ཡོངས་ཀྱི་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས། ད་ལྟ་འབྲེལ་ཡོད་དྲན་བརྡའི་ནང་དོན་གསར་པ་སྤེལ་དོན། ཀྲུང་གོའི་སྤྱི་དམངས་གནས་སྐབས་རིང་དབྱི་ཐ་ལི་དང་ཨ་རི། སི་ཕེན། འཇའ་མན། དབྱི་རན། ཧྥ་རན་སེ། ཁོ་རེ་ཡ་ལྷོ་མ། སུའེ་ཙེར། དབྱིན་ཇི། ཧོ་ལན། ཨོ་སི་ཁྲུ་རི་ཡ། པེར་ཀྲེམ། ནོར་ཝེ། ཕོར་ཐིའུ་ཀལ། སུའེ་ཏེན། ཨོ་སི་ཁྲུ་ལི་ཡ། པར་ཙིར། ཐུར་ཁེ། མ་ལེ་ཞི་ཡ། ཏེན་མག ཁ་ན་ཏ། དབྱི་སི་ལི། ཅེ་ཁེ། ཨིར་ལན། ཧྥི་ལི་ཕིན། ཐེ་ལན་བཅས་ཉེན་ཁ་ཆེ་བའི་རྒྱལ་ཁབ་ཏུ་མི་འགྲོ་རྒྱུ་དྲན་སྐུལ་གཟབ་ནན་བྱས་པ་དང་། མིག་སྔར། གོང་དུ་བརྗོད་པའི་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་དང་། དོན་མེད་པར་ཕྱི་རོལ་ཏུ་མི་འགྲོ་རྒྱུ། རྒྱལ་སྤྱིའི་ཡུལ་སྐོར་འཆར་འགོད་མི་བྱེད་པ། སྣོལ་ནས་འགོས་བར་དོགས་ཟོན་བྱེད་དགོས་པ་བསྟན་ཡོད།
    གལ་ཏེ། ས་གནས་དེ་གའི་ཀྲུང་གོའི་སྤྱི་དམངས་དེ་སྔོན་ཏོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་དང་འབྲེལ་བ་དམ་ཟབ་བྱས་པའམ། ཚ་བ་རྒྱས་པ་སོགས་དོགས་ཡོད་ནད་རྟགས་བྱུང་ན། རང་འགུལ་ངང་ཁྱིམ་དུ་ལོགས་བཀར་བྱེད་པ་དང་སྨན་ཁང་ལ་འབྲེལ་བ་བྱས་ཏེ་ཆེད་ལས་ཀྱི་འདྲི་ཞིབ་དང་སྨན་བཅོས་བྱེད་དགོས། ཛ་དྲག་གི་གནས་ཚུལ་ཐོན་སོང་ན། ས་གནས་དེ་གར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་ནས་སྲུང་སྐྱོབ་དང་རོགས་སྐྱོབ་རེ་ཞུ་བྱས་ཆོག ཕྱི་འབྲེལ་པུའུ་གོ་ལ་ཡོངས་ཀྱི་དོན་གཅོད་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་བསྟུན་འབྲེལ་ལམ།(ཆུ་ཚོད24):+86-10-12308 +86-10-59913991