འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅།།ཀན་སུའུ་ལུང་ནན་གྲོང་ཁྱེར་དུ་ཧྥེ་གླིང་ཕག་ནད་2བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། ཞིང་ལས་གྲོང་གསེབ་པུའུ་ཡི་གཞུང་གི་དྲ་ཚིགས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཞིང་ལས་གྲོང་གྲོང་གསེབ་པུའུ་ཡི་གསར་འགྱུར་གཞུང་ལས་ཁང་གིས་ཟླ་4ཚེས་2ཉིན། ཀན་སུའུ་ལུང་ནན་གྲོང་ཁྱེར་དུ་ཧྥེ་གླིང་ཕག་ནད་ཀྱི་ནད་དཔེ་2བྱུང་ཡོད་པ་སྤེལ། 
     ཟླ་4ཚེས་2ཉིན། ཞིང་ལས་གྲོང་གསེབ་པུའུ་ལ་ཀྲུང་གོའི་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྙན་ཞུ་འབྱོར་བ་སྟེ། ཀན་སུའུ་ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གཏན་འཁེལ་བྱས་པ་བརྒྱུད། ལུང་ནན་གྲོང་ཁྱེར་གྱི་མཉམ་ལས་ཁང་ཞིག་ཏུ་ཧྥེ་གླིང་གི་ཕག་ནད་བྱུང་ཡོད་པ་བསྒྲགས། ཟླ་3པའི་ཟླ་འགོར། མཉམ་ལས་ཁང་དེས་ཞིང་ཆེན་གཞན་ནས་སྒྲིག་འགལ་ངང་ཕག་ཕྲུག་112དབོར་བ་དང་། རིམས་ནད་གཏན་འཁེལ་བྱེད་དུས། ཁག་དེའི་ཕག་ཕྲུག་67ཤི་ཡོད་པ། དེའི་ཁར་དེ་སྔོན་མ་གཞི་ནས་ཡོད་པའི་ཕག་106ཁྲོད་ཀྱི་ཕག་72ཤི་བས། ཁྱོན་བསྡོམས་ཕག་139ཤི་བ་རེད། ཉིན་དེར། ཀན་སུའུ་ཞིང་ཆེན་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གཏན་འཁེལ་བྱས་པ་བརྒྱུད། ལུང་ནན་གྲོང་ཁྱེར་ལིའང་ཏང་རྫོང་དབྱང་ཏན་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱིས་རྩད་ཆོད་པའི་ཞིང་ཆེན་གཞན་ནས་སྒྲིག་འགལ་ངང་ཕག་དབོར་བའི་ཁྲོད་ཧྥེ་གླིང་ཕག་ནད་ཅིག་གྲལ་བཤེར་ཐུབ་ཡོད་པ་རེད། རྩད་ཆོད་བྱུང་སྐབས་རླངས་འཁོར་དེའི་ནང་ཕག་ཕྲུག་110ཡོད་པ་དང་4ཤི་ཚར་ཡོད། ལོགས་སུ་བཀར་རིང་ཕག་ཕྲུག་ལྷག་མ་63ཤི་བས། ཁྱོན་ཕག་ཕྲུག་67ཤི་བ་རེད།
    གོང་གསལ་གྱི་རིམས་ནད་ཐོན་རྗེས། ཞིང་ལས་གྲོང་གསེབ་པུས་འཕྲལ་མར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ས་གནས་དེ་གར་རིམས་ནད་ཐག་གཅོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་སྤེལ་དུ་བཏང་བ་རེད། ས་གནས་དེ་གས་བླང་བྱ་གཞིར་བཟུང་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་ལེན་བསྟར་ནས་ཚད་ལྡན་གྱི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱས་པ་རེད། མིག་སྔར་རིམས་ནད་ཐག་གཅོད་བྱས་ཟིན་པ་དང་། རིམས་ནད་བརྟག་དཔྱད་དང་ཁུངས་འདེད་ལས་དོན་སྤེལ་བཞིན་ཡོད་པ་རེད།