འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅།།ཕྱི་འབྲེལ་པུས་ཟླ་4ཚེས་2ཉིན་སྐབས་འཕྲལ་གྱི་དུས་གཏན་གནམ་གྲུ་མང་དུ་བཏང་སྟེ་དབྱིན་ཇིར་བསྐྱོད་ནས་
ཕྱི་རྒྱལ་དུ་ཡོད་པའི་སློབ་མ་རྒྱལ་ནང་དུ་ལོག་རྒྱུར་རོགས་རམ་བྱ་རྒྱུ་བསྟན་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱི་འབྲེལ་པུས་ཟླ་4ཚེས་2ཉིན་སྐབས་འཕྲལ་གྱི་དུས་གཏན་གནམ་གྲུ་མང་དུ་བཏང་སྟེ་དབྱིན་ཇིར་བསྐྱོད་ནས་
ཕྱི་རྒྱལ་དུ་ཡོད་པའི་སློབ་མ་རྒྱལ་ནང་དུ་ལོག་རྒྱུར་རོགས་རམ་བྱ་རྒྱུ་བསྟན་པ།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན། ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གཙོ་སྐྱོང་བྱས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པའི་ཚོགས་འདུའི་ཟིན་བྲིས་དངོས་བཀོད་པ་གཤམ་གསལ།
   ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས། ཕྱི་འབྲེལ་པུས་ཁ་ས། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་པའི་གནད་དོན་ཐད་བསམ་གཞིག་ཁག་གཅིག་བྱས་པ་ངོ་སྤྲོད་བྱས་ཡོད། དཀའ་འདྲི་ཞུ་རྒྱུར།  ཞིབ་ཕྲའི་ལག་བསྟར་བྱ་ཐབས་གང་ཡོད་དམ་ཞེས་དྲིས་པར།  
    ཧྭ་ཁྲུན་ཡིང་གིས། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་ཚད་མཐོའི་མཐོང་ཆེན་དང་སེམས་ཁུར་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཕྱི་རྒྱལ་གྱི་ས་གནས་མང་པོར་ཐོན་རྗེས། ཕྱི་འབྲེལ་པུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས། ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ཚང་མས་ཁྱོན་ཡོངས་ནས་བྱ་སྤྱོད་སྤེལ་ཏེ་ཐབས་ཤེས་ཡོད་རྒུས་ཏང་དང་སྲིད་གཞུང་གི་བྱམས་བརྩེ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་བརྒྱུད་སྤྲད་བྱ་རྒྱུའི་བླང་བྱ་བཏོན་ཡོད། ཡུན་རིང་མ་སོང་གོང་། རྒྱལ་ཁབ་ཀྱིས་ཆེད་མངགས་སྐབས་འཕྲལ་གྱི་དུས་གཏན་གནམ་གྲུ་བཀོད་སྒྲིག་བྱས་ཏེ་སྔ་རྗེས་སུ་དབྱི་རན་དང་། དབྱི་ཐ་ལི་ནས་དངོས་ནས་དཀའ་ངལ་འཕྲད་པའི་མི་སྣ་གོ་རིམ་ལྡན་པའི་ངང་རྒྱལ་ནང་དུ་བསུས་ཡོད། ཉེ་ཆར། རིམས་ནད་ཁྱབ་ཚད་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་མཁའ་འགྲུལ་དུས་གཏན་གནམ་གྲུ་ཚད་གཞི་མཐོ་པོས་ཉུང་དུ་བཏང་ཡོད་པས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་འགའ་ཞིག་རྒྱལ་ནང་དུ་ལོག་པའི་ལམ་བར་དུ་དཀའ་ངལ་ཁག་གཅིག་འཕྲད་ཡོད། ཨེ་སད་དང་ཁམ་ཕུ་ཁྲེ་སོགས་འབྲེལ་ཡོད་རྒྱལ་ཁབ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་ཤེས་རྟོགས་བྱུང་རྗེས།  དུས་ཐོག་ཏུ་་བྱ་སྤྱོད་སྤེལ་ནས། ནུས་ཤུགས་ཡོད་རྒུས་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་དང་རྒྱལ་ནང་གི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་མགྱོགས་མྱུར་དང་འོས་འཚམ་ངང་ཐག་གཅོད་བྱས་ཏེ་ཤུགས་རྐྱེན་ཕོག་པའི་ཕྱི་རྒྱལ་དུ་ཡོད་པའི་སློབ་མ་ཚོ་བདེ་འཇགས་ངང་རྒྱལ་ནང་དུ་ལོག་རྒྱུར་རོགས་རམ་བྱས་ཡོད།
     སློབ་མར་འཕྲད་པའི་དཀའ་ངལ་སྣ་ཚོགས་ལ་བསམ་གཞིག་བྱས་ཏེ། ཕྱི་འབྲེལ་པུས་དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཟླ་4ཚེས་2ཉིན་སྐབས་འཕྲལ་གྱི་དུས་གཏན་གནམ་གྲུ་དབྱིན་ཇིར་བསྐྱོད་ནས་དངོས་འབྲེལ་དཀའ་ངལ་འཕྲད་པའི་ཕྱི་རྒྱལ་དུ་ཡོད་པའི་སློབ་མ་མེས་རྒྱལ་དུ་ཕྱིར་ལོག་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།