འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅༎ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)ཕར་འགྲོ་ཚུར་འོང་བྱེད་ཚད་
གཉིས་ཀ་ཁྲི་ཡི་འགག་སྒོ་ཆེ་མོ་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་30ཉིན་བར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)ཕར་འགྲོ་ཚུར་འོང་བྱེད་ཚད་གཉིས་ཀ་ཁྲི་ཡི་འགག་སྒོ་ཆེ་མོ་ལས་བརྒལ་ཡོད་པ་རེད།
     ཟླ་3ཚེས་30ཉིན་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)གཏོང་ཚད་13ཟིན་ནས་ཉིན་རེའི་མེ་འཁོར་གཏོང་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད། སོ་ཕག་དཀར་རྩི་མ་དང་། མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར། འཁྱགས་སྒམ་སོགས་དངོས་ཟོག་བྱུར་བུར་བླུགས་པའི་X9003རྟགས་ཅན་གྱི་མེ་འཁོར་ཤིས་ཨན་ཤིན་ཀྲུའུ་མེ་འཁོར་འབབ་ཚུགས་ནས་ཐོན་ཏེ་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་སུ་སྐྱོད་པ་དང་པེར་ཀྲེམ་གྱི་ཀེན་ཐེ་ནས་ཡོང་བའི་X9020རྟགས་ཅན་གྱི་མེ་འཁོར་ཤིས་ཨན་ཤིན་ཀྲུའུ་མེ་འཁོར་འབབ་ཚུགས་སུ་འབྱོར་ཡོད། འདི་ལོའི་ཚུར་ལོག་སྐྱེལ་འདྲེན་མེ་འཁོར་གྲངས་ཚད་10044ཟིན་ནས་ཕར་འགྲོ་ཚུར་འོང་བྱེད་ཚད་གཉིས་ཀ་ཁྲི་ལས་བརྒལ་ཡོད་པ་རེད།