འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་1ཉིན།

༄༅༎“གཞི་ཁྱོན་ཆེ་བའི་སི་ཁྲོན་ཡོངས་ལ་ལྗང་འགྱུར་བྱེད་པའི་དཀར་མཛེས་བྱ་སྤྱོད”དང་2020ལོའི་འོས་འགན་
སྡོང་འཛུགས་བྱེད་སྒོ་དཀར་མཛེས་ཁུལ་གསར་དུ་སྤེལ་འགོ་བཙུགས་པ།

ལིའུ་ཁྲེང་མིང་དང་། ཞའོ་ཡིའུ་ཚའེ། བྱང་ཆུབ་བཅས་བྱེད་སྒོར་ཞུགས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་01ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་31ཉིན་གྱི་སྔ་དྲོར་“གཞི་ཁྱོན་ཆེ་བའི་སི་ཁྲོན་ཡོངས་ལ་ལྗང་འགྱུར་བྱེད་པའི་དཀར་མཛེས་བྱ་སྤྱོད”དང་2020ལོའི་འོས་འགན་སྡོང་འཛུགས་བྱེད་སྒོ་དཀར་མཛེས་ཁུལ་གསར་གནས་ཡུལ་ལྕགས་ཟམ་ཁ་རྫོང་ཁུག་རྟ་ལུང་པ་གྲོང་རྡལ་དུ་སྤེལ་འགོ་བཙུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་བྱེད་སྒོར་ཞུགས་ཡོད། 
     ཁུལ་གྱི་འགོ་ཁྲིད་ལིའུ་ཅི་ཞང་དང་། ཏེང་ལི་ཅུན། ཞེ་ཧུའེ། ཡའོ་པིན། ཁྲེན་ཧུང་པའོ། ཧོ་ཁང་ལིན། ཡན་ལེ། སུན་ཧྥེ། ཀྲང་ཡུང་ཏེ་སོགས་སྡོང་འཛུགས་བྱེད་སྒོར་ཞུགས་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོས“ངས་དཀར་མཛེས་ཁུལ་གསར་ལ་སྡོང་བོ་ཞིག་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ཁ་ཐོར་རྣམ་པའི”སྡོང་འཛུགས་བྱེད་སྟངས་སྤྱད་དེ། ཡུལ་དངོས་སུ་ཀུའེ་ཧྭ་ལྗོན་ཤིང་དང་ལན་ཞང་སོགས་སྡོང་ཕྲུག་སྤུས་ལེགས་600ལྷག་ཙམ་བཙུགས་པ་དང་ལྗང་འགྱུར་རྒྱ་ཁྱོན་མུའུ་5ཙམ་ཟིན་པ་རེད། སྡོང་འཛུགས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ། དོང་འདྲུ་བ་དང་། མྱུ་གུ་སྐྱོར་བ། ས་སྣོན་པ། གཅག་གཅག་བཟོ་བ། ཆུ་རྒྱག་པ་བཅས་ཀྱི་ལས་ཀ་ཚང་མ་གཟབ་ནན་ཞིབ་ཚགས་དང་སླ་བཅོས་སྤུ་ཙམ་ཡང་མེད་པར་བྱས་ཡོད། ད་ཐེངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོས“དཀར་མཛེས་ཁུལ་གསར་གྱི་ལོ་ངོ་སྟོང་གི་ཚོན་ནགས”འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། 
     ཁུལ“སྡེ་ཚན་བཞིའི”འབྲེལ་ཡོད་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་སོགས་ཀྱི་འབྲེལ་ཡོད་མི་སྣ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཡོད་པ་རེད།